| e-texts navigator |
| Wylie |
110a1 6།། ས་མི་མཆོག་ཆེན་མངའ།། དཔག་མྱེད་རྒྱུ་ཆེན་བསམ་ཡས་བྱས་ཁྲིད་ཀྱིས།། འགྲོ་བ་དག་ལ་སྙིང་བརྩེ་བསྐྱེད་ནས་ཀྱང་།། རབ་མཆོག་བྱང་ཆུབ་སེམས་མི་སྐྱེད་པར་གྱིས།། བྱང་ཆུབ་སེམས་ནི་ཡང་དག་བསྒྲུབ་བྱེད་གང་།
110a2 དེ་ནི་ཆོས་མཆོག་དམ་པ་ཁྱད་པར་འཕགས།། དེ་ནི་དེ་བཞིན་གཤེགས་རྣམས་བཀུར་སྟི་ཡིན།། དེ་ནི་ཕྱི་བའི་བསོད་ནམས་གཟི་བྱིན་ཡིན།། རྒྱལ་པོ་ཆེན་པོ་དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྔས་བཙལ་དེས།། ཚིགས་སུ་བཅད
110a3 པ་འདི་གཉིས་ཐོས་ཏེ། དེའི་མཚན་མོ་འདས་ནས་གཡོག་འཁོར་དང་བཅས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་རྣམ་པར་དག་པའི་འོད་གཟེར་རྒྱལ་པོ་ག་ལ་བ་དེར་དོང་སྟེ། ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས
110a4 ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེའི་སྤྱན་སྔར་འཁོད་དེ། ཐལ་མོ་སྦྱར་ནས། ལྷག་པའི་བསམ་པས་བླ་ན་མྱེད་པ་ཡང་དག
110a5 པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེའི་ཚེ་ཚིགས་སུ་བཅད་པ་འདི་སྨྲས་སོ།། གཟུགས་ལ་བརྒམ་དང་སཱ་ལ་རྟེན་པ་དང་། དཱི་དང་རོ་དང་རེག་ལ་གནས་པ་དང་། འདོད་ལ་བརྐམ་དང་། བདེ་ལ་དགའ
110a6 བ་ཡིས་བྱང་ཆུབ་མཆོག་འདི་རྟོགས་པར་མྱི་ནུས་སོ།། ལེ་ལོ་\ུ0f7fན་དང་དམན་ལ་བརྩོན་པ་དང་། སེར་སྣ་ཅན་དང་ཚུལ་ཁྲིམས་མ་བསྡམས་དང་། སྡང་བའི་སེམས་དང་། བློ་ན་འཁྲུལ་པའི་ས་བྱང་ཆུབ་མཆོག
110a7 ནི་རྟོགས་པར་མྱི་ནུས་སོ།། རང་གི་བདེ་བ་ཐམས་ཅད་སྤངས་པ་དང་། འགྲོ་བའི་སྡུག་བསྔལ་ཐམས་ཅད་བཟོད་པ་དང་། བརྩོན་འགྲུས་བརྩམས་ཤིང་རྟག་ཏུ་ཆོས་འདོད་གང་། དེ་མི་འཇིག་རྟེན་དེ་འདྲའི་སངས་རྒྱས་འགྱུར།
110a8 སངས་རྒྱས་བྱང་ཆུབ་ལ་ནི་བདག་ཞུས་པ། སངས་རྒྱས་རྣམས་དང་ལྷ་རྣམས་དབང་གཙུགས་ཏེ། ཅི་ནས་བདག་ཚིག་ལོག་པར་མྱི་འགྱུར་བ། དེ་ལྟར་སྨན་སླད་སྤྱོད་པ་སྤྱད་པར་བགྱི།། བྱང་ཆུབ་སེམས་ནི་བདག་གིས་སྐྱིལམ
110a9 ཐོས་ཐོས་ནས་བདག་ནི་བྱང་ཆུབ་མཆོག་ལ་ཞུགས། དེའི་སླད་དུ་སངས་རྒྱས་མྱིའི་མཆོག། ཡེ་ཤེས་ལྡན་པ་དེ་འདྲ་བདག་གིས་བགྱི།། རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྔས་བཙའ་ཞེས་བྱ་བར