e-texts navigator
Collection
Volume
Page
Wylie

109b1 དགྲས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཆེ་བ་ཉིད་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ལ་མཁས་པ་དེ་ཙམ་དུ་བསམ་གྱིས་མྱི་ཁྱབ་པ་ངོ་མཚར་ལགས་ཏེ།
109b2 འདི་ལྟར་ཀླུའི་རྒྱལ་པོ་རྒྱ་མཚོས་དེ་བཞིན་གཤེགས་པ་སྤྱན་དྲངས་ཏེ། དེ་ལྟར་སེམས་ཅན་གྱི་དོན་ཚད་མ་མཆིས་པ་བགྱིས་ན། བཅོམ་ལྡན་འདས་ཀླུའི་རྒྱལ་པོ་རྒྱ་མཚོས་ཡུན་ཇི་སྲིད་ཅིག་ནས་ནི། བླ་ན་མྱེད་པ་ཡང་དག་པར་རྫོགས
109b3 པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལགས།། དེ་བཞིན་གཤེགས་པ་ཇི་སྙེད་ཅིག་ལ་ནི་མཆོད་པ་བགྱིས། ཡུན་ཇི་སྲིད་ཅིག་ན་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལགས་། དེ
109b4 མངོན་པར་རྫོགས་པར་སངས་རྒྱས་པའི་མཚན་ནི་ཙི་ཞེས་བྱ་བར་འགྱུར། དེའི་སངས་རྒྱས་ཀྱི་ཞིང་ཅི་འདྲ་བར་འགྱུར་ལགས།། བཅོམ་ལྡན་འདས་ཀྱིས་བཀལ་སྩལ་དཔ། རྒྱལ་པོ་ཆེན་པོ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ
109b5 གྲངས་མྱེད་པ་བས་ཀྱང་ཆེས་གྲངས་མྱེད་པ། བསམ་གྱིས་མྱི་ཁྱབ་པ། ཡུན་རིང་བ་ཚད་མྱེད་པའི་སྔ་རོལ་དེའི་ཚེ། དེའི་དུས་ན། བསྐལ་པ་ཡི་དུ་འོང་ཞིང་ཞི་བ་ཞེས་བྱ་བ་ལ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས
109b6 ཡོངས་སུ་དག་པ་ཞེས་བྱ་བར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་མཁྱེནད་པ་སྐྱེས་བུ
109b7 བ་ཁ་ལོ་སྦྱར་བ་བླ་ན་མྱེད་པ་ལྔ་དང་ཕྱི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་རྣམ་པར་དག་པའི་འོད་གཟེར་གྱི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། རྒྱལ་པོ་ཆེན་པོ་འཇིག་རྟེན་གྱི་ཁམས་ལ་ཡོངས་སུ་དག་པ་དེའི་བཀོད་པ
109b8 བྱུང་བ་དེ་དག་ནི། ངའི་ཚེའི་ཚད་བསྐལ་པར་གནས་སུ་ཟིན་ཀྱང་། རྒྱས་པར་བསྟན་པར་ནུས་པར་སླ་བ་ཡིན་ནོ།། རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྷས་བཙལ་ཞེས་བྱ་བ་བྱུང་སྟེ། དེས་བཅོམ་ལྡན་འདས་དེ
109b9 བཞིན་གཤེགས་པ་འོད་རྣམ་པར་དག་པའི་འོད་གཟེར་རྒྱལ་པོ་དེ་ལ། ལོ་བཞི་ཁྲི་ཉིས་སྟོང་གི་བར་དུ་མཆོད་པ་བྱས་ཏེ། དགེ་བའི་རྩ་བས་ཉེ་བར་བརྟན་པ་དེ་ཉིད་ལོག་པའི་རྨྱི་ལམ་དུ་ཚིགས་སུ་བཅད་པ་འདི་གཉིས་ཐོས་སོ།། སྐྱེས་བུ་ཁྱུ་མཆོག




iiif viewer powered by OpenSeadragon

109a - 110a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo