e-texts navigator
Collection
Volume
Page
Wylie

108b1 བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་མེ་ཏོག་དང་། གདུག་པ་དང་། སྤོས་དང་། མེ་ཏོག་འཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང
108b2 ན་བཟའ་དང་། བཤོས་དང་། གཟིམས་ཆ་དང་། གདན་དང་། སྙུང་གསོས་སྨན་དང་། ཡོ་བྱད་དང་སིལ་སྙན་དང་། ཕེག་རྡོབ་པ་དག་གིས། དེ་བཞིན་གཤེགས་པ་ལ་མཆོད་པ་བགྱིད་པ་གང་ལགས་པ་དེ་དག་ཀྱང་ནི། དེ་བཞིན་གཤེགས
108b3 པ་མཆོད་པ་བགྱིད་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་དེ་ནི་བླ་ན་མྱེད་པའི་མཆོད་པ་དེ་ཉིད་ཀྱི་ཡོངས་སུ་སྦྱང་བ་ཡིན་གྱི་མཆོད་པ་དེ་ནི་ཤིན་ཏུ་མཐར་ཐུག་པ་དང་། ཤི་རང་ཏུ་དྲི་མ་མྱེད་པ་དང་། ཤིན་ཏུ
108b4 ཚངས་པར་སྤྱོད་པའི་མཐར་ཐུག་པ་མ་ཡིན་ནོ།། ཀླུའི་བདག་པོ་དགེ་བ་འི་ཐ་བ་བསྐྱེད་པའི་སློབ་པ་དེ་དག་ནི། འཕགས་པའི་རྣམ་པར་གྲོལ་བ་ལ་སེམས་གནས་ཀྱི། དགེ་བའི་རྩ་བ་མ་སྐྱེད་པ་རྣམས་ནི། དེ་ལྟ་མ་ཡིན་ནོ།།
108b5 ཀླུའི་བདག་པོ་གཞན་ཡང་། ཆོས་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔལ་ནྀ། དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད་པ་ཡིན་ཏེ། བནི་གང་ཞེན། བྱང་ཆུབ་ཀྱི་སེམས་ཀྱི་བརྗེད་པས་བསོད་ནམས་ཀྱི་ཚོགས
108b6 སྩོགས་པ་དང་། སྙིང་རྗེ་ཆེན་པོ་ལ་གནས་པའི་སེམས་ཀྱིས་ཡེ་ཤེས་ཀྱི་ཚོགས་སོགས་པ་དང་། བརྩོན་འགྲུས་ཆེན་པོ་ཤེཤིནད་ཏུ་བརྩམས་པའི་སེམས་ཀྱིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་དང་། ཆོས་ཟབ
108b7 མོ་རྒྱ་ཆེན་པོ་ལ་སེམས་བསྐྱེད་པས་བཟོད་པ་སྐྱེད་པ་ཐོབ་པ་སྟེ། ཀླུའི་བདག་པོ་ཆོས་འདི་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི། དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད་པ་ཡིན་ནོ།། དེ་ནས་རྒྱལ་པོའི་ཁབ་ན་གནས་པའི་བྲམ་ཟེའི
108b8 དང་། རྒྱལ་རིགས་དང་། ཁྱིམ་བདག་རྣམས་དང་། ཟོང་རྡལ་བ་དང་། ཡུལ་གྱི་མྱི་རྣམས་དང་། རྒྱལ་པོ་མ་སྐྱེས་དགྲ་དང་། བློན་པོ་དང་། ནང་ཀོར་དང་། སྒོ་དཔོན་དང་། འཁོར་དང་། ཚོང་དཔོན་རྣམས་ཀྱིས་དེ་བཞིན
108b9 གཤེགས་པ་ཀྲུའི་རྒྱལ་པོ་རྒྱ་མ་ཚོའི་གནས་སུ་བསྐོས་གསོལ་ནས་བྱརྒོད་ཀྱི་ཕུ་པོའི་ཇིལ་གཤེགས་སོ་ཞེས་ཐོས་ནས། རིང་སྲོག་ཆགས་བདུན་ཁྲི་ཉོས་གྲོང་དང་། རྒྱལ་ལོ་མ་ལྕེས་དགྲ་གཡོག་འཁོམ་སུམ་ཁྲི་ཉིས་སོང་།




iiif viewer powered by OpenSeadragon

108a - 109a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo