| e-texts navigator |
| Wylie |
108a1 དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། སྤྱོད་ལམ་ཡོངས་སུ་ངག་པའི་ཕྱིར་རོ།། ཇི་སྐད་སྨྲམ་པ་དེ་བཞིན་བྱེད་པ་ནི་། དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། འཇིག་རྟེན་ཐམས་ཅད་ལ་མྱི་ཞུ་བའི་ཕྱིར་རོ།།
108a2 འཕགས་པའི་རིགས་ཀྱི་མཆོག་པར་འཛིན་ཅིང་། སྦྱངས་པའི་ཡོན་ཏན་ཐམས་ཅད་ཡང་དག་པར་ཐང་བ་གྱི་འདོར་བ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། དས་བཅས་པ་ལ་བརྟན་པའི་ཕྱིར་རོ།། དབེན་པ་ལ་དགའ་ཞིང་ཐེམ
108a3 གཏམ་ཡོངས་སུ་སྤོང་བ་ནི་དེ་བཞིན་གཤེགས་པའི་མཆོད་པ་ཡིན་ཏེ། སེམས་ཡོངས་སུ་གདུལ་བའི་ཕྱིར་རོ།། ཇི་སྐད་ཐོས་པའི་ཆོས་ལ་ཚུལ་བཞིན་དུ་སོ་སོར་རྟོག་པ་ནི། དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། ཡང་དག་པ་ཇི་ལྟ་བ
108a4 བཞིན་དུ་ཡོངས་སུ་ཤེས་པའི་ཕྱིར་རོ།། བདག་མྱེད་པ་དང་། སེམས་ཅན་མྱེད་པ་དང་། གསོ་བ་མྱེད་པ་དང་། གང་ཟག་མྱེད་པར་ཉེ་བར་རྟོག་པ་ནི། དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། བཟོད་མ་ནས་མ་བྱུང་བའི་ཕྱིར་རོ།།
108a5 སྟོང་པའི་ཆོས་ལ་འཇུག་པ་དང་མཚན་མ་མྱེད་པ་ལ་ངེས་པར་རྟོག་པ་ད་པ། སྨོན་པ་དང་བྲལ་བ་ནི། དེ་བཞིན་གཤེགས་པ་མཆོད་པ་ཡིན་ཏེ། རྣམ་པར་ཐ་རད་པའི་སྒོ་མངོན་སུམ་དུ་བྱེད་པའི་ཕྱིར་རོ།། རྐྱེན་འདི་པ་ཉིད
108a6 ས་འཇུག་ཅིང་མཐར་ལྟ་བ་སེལ་བ་ནི། དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། རྟག་པ་དང་ཆད་པར་ལྟ་བ་ཡོངས་སུ་སྤོང་བའི་ཕྱིར་རོ།། མ་བྱུང་བ་དང་མ་སྐྱེས་པར་བཟོད་པ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ།
108a7 རང་བཞིན་གྱིས་མ་བྱུང་བའི་ཕྱིར་རོ།། ཀླུའི་བདག་པོ་དེ་ལྟར་ན་ལུས་དང་ངག་དང་། སེམས་ཀྱི་རྩོམ་པ་གང་ཡིན་པ་དེ་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡོངས་སུ་དག་པ་མ་ཡིན་གྱི་ཀ་ན་ལུས་དང་ངག་དང་སེམས་ཀྱི་རྩོམ་པ་མྱེད།
108a8 པ་དེ་བཞིན་གཤེགས་པ་ལ་མཆོད་པ་ཡོངས་སུ་དག་པ་ཡིན་ནོ།། མངོན་པར་འདུ་བྱེད་པ་མྱེད་པ་དང་། བླང་བ་མྱེད་པ་དང་། དོར་བ་མྱེད་པ་དང་། འཁོར་གསུམ་ཡོངས་སུ་དག་པ་དང་། དུས་གསུམ་མཉམ་པ་ཉིད་དང་། དྲི་མ་གསུམ
108a9 ཀྱི་དྲི་མ་སེལ་པ་དང་ཁམས་གསུམ་པ་ལ་མྱི་རྟེན་པ་དང་། རྣམ་པར་ཐརྡ་པའི་སྒོ་གསུམ་ལ་འཇུག་པ་དང་། རིག་པ་གསུམ་གྱི་རིག་པ་ཤེས་པ་ནི། དེ་བཞིན་གཤེགས་ལས་མཆོད་པ་ཡིན་ནོ།། དེ་སྐད་ཅེས་བཀའ་སྩལ་པ་དང་།