| e-texts navigator |
| Wylie |
107b1 སྟོབས་ཀྱིས་རྣམ་པར་རྒྱལ་བྱེད་དང་འདྲ་བའི་ཁང་བཟངས་བྱིན་ཀྱིས་བརླབས་ནས། དེར་བཅོམ་ལྡན་འདས་ཞམ་རིང་བ་དང་བཅས་པར་བཞུགས་པར་གསོལ་ནས། སྟེང་གི་བར་སྣང་ལས་གཤེགས་ཏེ། ཀླུའི་བུ་མོ་བརྒྱད་ཁྲི་བཞི
107b2 སྟོང་ཡང་སིལ་སྙན་བྱེད། ཕེག་རྡོབ་ཀླུའི་དབྱངས་ལེན་ཅིང་མེ་ཏོག་གི་ཆར་ཆེན་པོ་འཕེབས་ལ། ལྷའི་སྤོས་དང་ཕྱེ་མ་སྣ་ཚོགས་ཀྱི་ཆར་འཕེབས་བཞིན་དུ་མཐར་ཀྱིས། བཅོམ་ལྡན་འདས་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བསྐྱལ་ཏོ།། དེ་ནས
107b3 ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་དང་བཅས། ཆུང་མ་དང་གཡོག་འཁོར་དང་བཅས་པས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས།། བཅོམ་ལྡན་འདས་ལ་བཟོད་པ་གསོལ་ཏེ། བཅོམ་ལྡན་འདས་པ་དག་གསས་འབྱོར་དཔར
107b4 གྱུར་པ་གང་ལགས་པ་རྣམས་བདག་ཅག་ལ་བཟོད་པ་མཛད་དུ་གསོལ། དེ་ཅིའི་སྲད་དུ་ཞེ་ན། བཅོམ་ལྡན་འདས་རིན་པོ་ཆེ་ཇི་ལྟ་བ་བཞིན་དུ། དེ་དང་འཚམ་པའི་མཆོད་པའི་འོས་ལགས་ལ།། བཅོམ་ལྡན་འདས་ནི་སེམས
107b5 ཅན་ཐམས་ཅད་ཀྱི། ཐ་ན་མ་མཆིས་པའི་བསོད་ནམས་ཀྱི་ཞིང་རིན་པོ་ཚེ་ལགས་ཏེ། མཆོད་པའི་འོས་ལགས་ན་དེ་ནི་སྟོང་གསུམ་གྱི་སྟོང་ན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པའི་སེམས་ཅན
107b6 ཐམས་ཅད་ཀྱིས་ཀྱང་འབྱོར་པ་འམ། ཡོངས་སུ་རྫོགས་པར་བགྱིད་རྔོ་མྱི་ཐོག་སྟེ། དེ་བཞིན་གཤེགས་པ་ནི་དེ་ཙམ་དུ་ཚད་མ་མཆིས་པའི་མཚོད་པའི་འོས་ལགས་པའི་སླད་དུའོ།། བཅོམ་ལྡན་འདས་གཞན་ཡང་བྱ
107b7 ཆུབ་སེམས་དཔའ་ཇི་ལྟར་དེ་བཞིན་གཤེགས་པ་ལ་མཆོད་པ་བགྱིད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་ནན་ཏན་བྱེད་པས། དེ་བཞིན་གཤེགས་པ་ཇི་ལྟར་མཆོད་པ་ཉོན་ཅིག།
107b8 བསམ་པ་རྣམ་པར་དག་པ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། བཅོས་མ་མ་ཡིན་པ་དང་གཡོ་མྱེད་པའི་ཕྱིར་རོ།། ལྷག་པའི་བསམ་པ་ཡོངས་སུ་དག་པ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། དགེ་བའི་རྩ་བ་ཐམས་ཅད
107b9 ལ་ལྷག་པར་དམྱིགས་པའི་ཕྱིར་རོ།། ཞེ་འགྲས་པ་མྱེད་པའི་སེམས་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་འོད་སྙོམས་པའི་ཕྱིར་རོ།། ཚུལ་འཆོས་པ་དང་། ཁ་གསག་ཐམས་ཅད་རྣམ་པར་སྤངས་པ་ནི།