e-texts navigator
Collection
Volume
Page
Wylie

107a1 ཅད་རྣམ་པར་འགས་ཤིང་ཟླ་བ་ས་ལ་ལྟུང་ཡང་གདའ།། ལྦ་ལས་ལྷག་པའི་ལྷས་མཆོད་སངས་རྒྱས་ཕྱིན་ཅི་ལོག་གི་ཚིག་གསུང་ཡོད་མྱི་གདལ།། བསམ་པ་བྱམས་པ་བརྩོན་འགྲུས་ཡུལ་ལ་ཐུགས་མི་འཁྲུག་པར
107a2 འགྱུར་བ་མྱི་མངལ་ལྟོས།། བདག་ནི་སྟོང་པའི་ཡེ་ཤེས་ཡུལ་གྱི་ཆོས་རྣམས་དག་ལ་གུས་པར་བགྱིད་ལ་ལྟོས།། བདེ་བར་གཤེགས་པའི་ཡང་དག་སྤྱོད་པ་རྣམས་དང་ཡེ་ཤེས་ཐོགས་པ་མྱི་མངའ་ལྟོས།། དེའིས་འདིར་ནི་བདག་གི་སེམས་ཀྱི
107a3 ཡུལ་བ་དེ་མཁྱེན་ནས་དེ་བཞིན་ལུང་ཡང་བསམ། སྤད་པར་བ་མཆོག་པ་དེ་སྦྱིར་སྡུག་བསྔལ་ཀུན་ལས་གྲོལ་བར་མཛད་ལ་ཕྱག་འཚས་སོ།། གནས་དང་སྐྱབས་དང་དཔུང་གཉེར་སྐྱོབ་པ་འཇིགས་པ་རྣམས་ལ་འཇིགས་ཁྱེད་སྦྱིན་མཛད་པ།
107a4 རྒྱལ་བ་ལམ་མཆོག་དམ་པ་ཡོངས་སུ་སྐྱོང་ལ་ཕྱག་འཚལ་ལོ།། འཇིག་རྟེན་རྣམ་པར་གཟིགས་ལ་མཁས་པ་འཇིག་རྟེན་འདས་པའི་འདྲེན་ལ་ཕྱག་འཚལ་ལོ།། འདིར་ནི་ལྷ་དང་མྱི་རྣམས་གང་དག་སངས་རྒྱས་ཆོས་དང་ཚོགས་རྣམས
107a5 ཐོས་པ་དང་། བྱང་ཆུབ་སྤྱོད་ཅིང་བྱང་ཆུབ་བསམ་པ་སེམས་དཔའ་དེ་ཀ་རྙེད་པ་ལེགས་པར་རྙེད།། དེ་དག་ལ་ནི་ངན་སོང་ངན་འགྲོ་ལ་འཇིག་ས་པ་མྱེད།། དེ་མྱི་འོམ་བརྒྱད་ལས་ཡོངས་སུ་གྲོལ།། དེ་དང་དེ་དག
107a6 ལྷ་དང་མྱིའི་བདེ་ལ་ངེས་ཤིང་ཞི་བའི་མགོ་འཕང་འཐོབ།། དེ་ནས་བརྩམ་ལྡན་འདས་ལ་ཆུའི་རྒྱལ་པོ་རྒྱ་མཚོའི་བུ་མཐོང་དགས་འདི་སྐད་ཅེས་གསོས་ད་ཏོ།། བཅོམ་ལྡན་འདས་ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་།
107a7 ལཱ་མ་ཡིན་དང། ནམ་མཁལ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མྱི་དང་མྱི་ལགས་པ་མང་པོ་དག་གིས་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་བགྱིས་ལགས་ན། གལ་ཏེ་བཅོམ་ལྡན་འདས་ཀྱིས་གདག་ལ་གན་བ་མཛད
107a8 བདག་གིས་ཀྱང་ད་དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཅུང་ཟད་ཙམ་བཙལ་ཏེ། བཅོམ་ལྡན་འདས་ཞམ་རིང་དང་བཅས་པར་རྣམ་པར་རྒྱལ་བྱེད་དང་འདྲ་བའི་བཀོད་པ་ཆེན་པོ་ཁང་བཟངས་ཀྱི་ནང་དུ་བཞུགས་པར་གསོལ།། བྱ་རྒོད
107a9 ཀྱི་ཕུང་པོ་ར་ལ་བསྐྱལ་བར་འཚལ་ལོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ད་དེའི་དུས་བབ་པར་ཤེས་ན་སྩོལ་ཅིག། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་བུ་མཐོང་དགས་སངས་རྒྱས་ཀྱི་མཐུ་དང་། རང་གི་རྫུ་འཕྲུལ་གྱི།




iiif viewer powered by OpenSeadragon

106b - 107b

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo