e-texts navigator
Collection
Volume
Page
Wylie

106b1 སོང་གསུམ་གྱི་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྒྱན་ལགས་ད། རྒྱ་མཚོ་ཆེན་པོ་ལིས་སྤོས་ཀྱང་ཅི་འཆལ་ཏེ།། བྱང་ཆུབ་ཀྱི་སེམས་དེ་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་བརྒྱན་པའི་སྲད་དུ། བདག་ཅག་གིས་བསྲེད
106b2 ལགས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བཞུགས་ཀྱང་རུང་། ཡོངས་སུ་མྱ་ངན་ལས་འདས་ཀྱང་རུང་སྟེ། བདག་ནི་མྱ་ཆེན་པོའི་ནང་ན་གནས་བཞིན་དུ། དམ་པའི་ཆོས་ཡོངས་སུ་བསྲུང་བའི་སླང་དུ། ཏ
106b3 ཏུ་བརྩོན་པ་ཁོ་ནར་འཚལ་ལོ།། བཅོམ་ལྡན་འདས་གྲོང་ཁྱེར་དུ་གཤེགས་པ་མ་ཡང་བཀོད་པ་ཐམས་ཅད་ཉེ་བར་བསྟམ་པར་འཚལ་ལོ།། ཆོས་ཀྱི་འབྲེལ་པའི་གཏམ་མཛད་པ་མ་ཡང་འཁོར་གྱི་ཁྱམས་ཀྱི་བཀོད་པ་བསྤྲུལ་པར་འཚལ་ལོ།།
106b4 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་འོད་ལྡན་མ་འདི་ལྟར་ཁྱེད་ཀྱིས་མི་སངས་རྒྱས་ཁྲི་ལ་མཆོད་པ་བྱས་སོ།། འཁོར་གྱི་ཁྱམས་ཀྱི་བཀོད་པ་ཡང་བསྟན་ཏོ།། དམ་པའི་ཆོས་ཀྱང་ཡོངས་སུ་སྲུངས་སོ།། འོད་ལྡན་མ་ཁྱོད
106b5 ནི་བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བྱེ། པར་འགྱུར་རོ།། དམ་པའི་ཆོས་ཀྱང་ཡོངས་སུ་བསྲུང་བར་འགྱུར་རོ།། ཁྱོད་ནི་སྐལ་པ་བཟང་པོ་འདི་འདས་པའི་འོག་ཏུ། དེ་བཞིན་གཤེས
106b6 པ་མྱི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མངོན་དག་ར་སྐྱེ་བར་འགྱུར་ཏེ། བུད་མྱེད་ཀྱི་དངོས་པོ་རྗེས་ནས་སྐྱེས་པའི་དངོས་པོ་ཐ་བ་པར་འགྱུར་རོ།། ཁྱོད་མ་དེ་བཞིན་གཤེགས་པ་མྱི་འཁྲུགས་པ
106b7 བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རོ།། དེ་ན་རྒྱ་མཚོ་ཆེན་པོའི་ལྷ་མོ་འོད་ལྡན་མས། བཅོམ་ལྡན་འདས་ལས་བདག་ཉིད་ཀྱི་ལུང་བསྟན་པ་ཐོས་ནས། ཚིམ་ཞིང་མགུ་ལ་ཡིད་རངས་ཏེ།
106b8 རབ་ཏུ་དཀའ་ནིང་དཀའ་བ་དང་། ཡིད་བདེ་བ་སྐྱེས་ཏེ། རྒྱ་མཚོ་རིན་པོ་མེད་པ། རིན་ཐང་མཉམ་པའི་རིན་པོ་ཆེའི་འཕྲེང་བ་བཅོམ་ལྡན་འདས་ཀྱི་སྐུ་ལ་གསོལང་ནས། སོར་མོ་བཅུའི་ཐལ་མོ་སྦྱར་ཏེ། དེའི་ཚེ་བཅོམ་ལྡན་ལ
106b9 ལ་ཚིགས་སུ་ཅད་པ་འདི་དག་སྨྲས་སོ།། བདག་ནི་ཐུབ་པ་མེཤེས་ཡོན་ཏན་ཀུན་གྱི་འབྱུང་གནས་དེའི་ས་ལུང་བསམ་ཏེ། བདག་ནི་འདྲེན་པར་འགྱུར་བར་བདག་ལ་ཡིད་གཉིས་པ་མ་ཆི་མ་སོམམ་སངས། སོང་གསུམ་པ་ག




iiif viewer powered by OpenSeadragon

106a - 107a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo