| e-texts navigator |
| Wylie |
106a1 ཏན་རྒྱ་མཚོ་ཡོན་ཏན་ལས་སྟོད་པའི།། བདག་གི་བསོད་ནམས་གང་ལགས་དེས་ན་ཁྱོད་འདྲ་ཤོག། དེ་ནས་རྒྱ་མཚོ་ཆེན་པོ་ལ་ལྷ་མོ་འོད་ལྡན་མས།། བཅོམ་ལྡན་འདས་ལ་དེ་སྐད་བསྟོད་ནས་འདི་སྐད་ཅེས་གསོལ་ད་ཏོ།།
106a2 བཅོམ་ལྡན་འདས་བཅོམ་ལྡན་འདས་སླར་བྱུང་སྟེ་གཤེགས་པས། ད་ནི་རྒྱ་མཚོ་ཆེན་པོ་མྱི་མཛེས་ལགས་ན། ཅི་ནས་བདག་རྒྱ་མཚོ་མཛེས་པར་བགྱིད་པ་དེ་ལྟ་བུར་བཅོམ་ལྡན་འདས་ཀྱི་རྗེས་སུ་བསྟན་ན། ལེགས་ལགས་སོ།། དེ་སྐད
106a3 ཅེས་གསོལ་པ་དང་། བཅོམ་ལྡམ་འདས་ཀྱིས་རྒྱ་མཚོ་ཆེན་པོའི་ལྷ་མོ་འོད་ལྡན་མ་ལ། འདི་སྐད་ཅེས་བཀའ་སྩ་ལ་ཏོ།། འོད་ལྡན་མ་ཆོས་བཅུ་པོ་འདི་དག་ནི་རྒྱན་ཏུ་འགྱུར་བ་ཡིན་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། དགེ་བ
106a4 བཅུའི་ལས་ཀྱི་ལམ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བྱམས་པའི་རྗེས་སུ་འཇུག་པའི་སེམས་བསྐྱེད་པ་དང་། སེམས་ཅན་ཐམས་ཅད་ལ་རྣམ་པརམྱི་འཚེ་བའི་ཕྱིར་སྙིང་རྗེ་ཆེན་པོ་ལ་གནས་པ་དང་། བསམ་པའི་སྦྱོར།
106a5 བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་སེམས་བསྐྱེད་པས་དགའ་བར་གནས་པ་དང་། སྦྱིན་པས་ཐམས་ཅད་ཡོ། ངས་སུ་གཏོང་བ་དང་། རྣམ་པ་སྣ་ཚོགས་ཀྱི་རྒྱན་ཀྱི་སྨོན་ལམ་ལ
106a6 བརྩོན་འགྲུས་བརྟན་པ་དང་། དགེ་བའི་རྩ་བའི་ཆོས་ཐམས་ཅད་ཡོངསསུ་རྫོགས་པར་བྱ་བའི་ཕྱིར་དྲན་པ་དང་། ཤེས་བཞིན་དུ་གནས་པ་དང་། སྔོ་ན་གྱི་དགེ་བ་ཆུད་མྱི་ཟ་བའི་ཕྱིར་དང་། ཤེས་རབ་ཡོངས་སུ་རྫོགས་པ
106a7 བའི་ཕྱིར་ཆོས་དང་ལྡན་ཞིང་འདོད་པ་དང། ཕན་པའི་དངོས་པོས་སེམས་ཅན་ཐམས་ཅད་ལ་ཡོན་ཏན་ཐམས་ཅད་བསྐྱེད་པ་དང་། གཉིས་སུ་མྱེད་པས་གོང་དུ་ཁྱད་པར་རྟོགས་པ་དང་། སངས་རྒྱས་ཀྱི་ཐུགས་སུ་ཆུད་པ་ལ་ཡང་དག་པར
106a8 གནོས་པས་སངས་རྒྱས་རྗེས་སུ་ངན་པ་འཐོབ་པ་མེ།། འོད་སུམ་མ་ཆོས་བཅུ་པོ་དེ་དག་ནི་རྒྱུན་དུ་འགྱུར་བ་ཡིན་ནོ།། དེ་སྐད་ཅེས་བཀའ་སྩས་པ་དང་། རྒྱམ་མོཆེན་པོའི་སྐུ་མོ་འོད་ལྡན་མ་ལ་མོ་ཁྲི་དང་། ལྷན་ཅིག་ཏུ་བླ་ན་མྱེད་པ
106a9 ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལང་ཏོ།། བཅོམ་ལྡན་འདས་རྒྱ་མ་མོ་ཆེན་པོ་བརྒྱན་ལགས་སོ།། དེ་ཅིའི་སླང་དུ་ཞེན། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམསས