| e-texts navigator |
| Wylie |
105b1 པའི་ཆོས་ཀྱིས། འཕགས་པ་བདེ་སྦྱིན་དེར་ཕྱག་འཚས།། གཟུགས་མཆོག་སྟོན་པ་བསོད་ནམས་བརྒྱའི་མཚན་དང་ལྡན་ན། ཡོན་ཏན་ཡེ་ཤེས་འཕགས་པ་ནས་འདྲེན་དེང་ཕྱག་འཚལ།། སྦྱིན་དང་དུལ་བས་འཕགས་པ་ཚུལ་ཁྲིམས་བཟང་།
105b2 པོ་བརྩེགས།། བཟོད་པའི་སྟོབས་ཀྱིས་འཕགས་པ་མྱི་མཆོག་དེང་ཕྱག་འཚལ།། བརྩོན་འགྲུས་སྟོབས་ཀྱིས་བྱུང་བ་བསམ་གཏན་བློ་གྲོས་སྦྱངས།། ཤེས་རབ་མཁས་མཚུངས་ཁྱོད་ལ་དེའི་རའི་མགོས་ཕྱག་འཚལ།། བྱམས་པས་སྙོས
105b3 པའི་ཐུགས་དང་ཐུགས་རྗེས་འགྲོ་ལ་གཟིགས།། འདྲེན་པ་ཐུགས་བགྱེས་རྟག་ཏུ་བཏང་སྙོམས་ལ་རོལ་གཤེགས།། ཀ་ལ་བིང་ཀ་ལྟ་བུར་གསུང་སྙན་ཚངས་སྐད་སྟོན།། གསུང་སྙན་སྟོན་པ་དེ་ལ་དི་རིང་མགོས་ཕྱག་འཚལ།། བདུད་དཔུར་འཇོམས།
105b4 པ་བདུད་སྟོས་ངེས་པར་འཇོམས་མཛད་པ།། བྱང་ཆུབ་བརྟུལ་ཤུགས་བསྒྲུབ་པྲ་སྲིད་གསུམ་སྲིད་པས་མཆོད།། དྲི་གསུམ་དྲི་མ་སྦྱོང་བ་རྣམ་ཐར་གསུམ་སྨྱོན་པ།། འཇིག་རྟེན་གསུམ་གྲགས་ཁྱོད་ལོ་དེ་རིང་མགོས་ཕྱག་འཚལ།
105b5 བདེན་པའི་བརྟུལ་ཞུགས་བཟང་རྟག་རྟག་ཏུ་ཆོས་ཀྱིས་འཕགས།། རྟག་ཏུ་དགོན་པ་སྤྱོད་ཡུལ་རྟག་ཏུ་ཡེ་ཤེས་སྐྱོང་།། ཉོན་མོངས་དགྲ་འཇོམས་ཀ། ཟེ་བརྗིད་ལྤགས་པས་གཟི་བསྐྱེད་པ།། པད་མ་ལྟ་བུའི་སྤྱན་མངའ་དེང
105b6 ཁྱོད་མགོས་ཕྱག་འཚལ།། སྤུན་པོའི་རྩེ་འདྲ་དགོངས་པ་རྡོ་རྗེ་ལྟ་བུར་བརྟན་དགོངས་པ་ས་འདྲའི་ཡོན་ཏན་རྒྱ་མཚོ་ཕྱག་འཚལ་ལོ།། འགྲོ་ལ་སྟོང་པ་སྟོ་ན་པ་ཞི་གནས་ཕ་རོལ་དུ་ཕྱིནད།། རབ་ཏུ་ཞི་བའི་ཐུགས་ལྡན་ཁྱོད་ལ
105b7 སྐྱབས་སུ་མཆི།། བདུད་རྩི་དམ་པ་སྟོན་པ་འགྲོ་མྱིན་འགྲོ་བ་གཅོད།། ལྷ་དང་མྱིས་མཆོད་ཁྱོད་ལ་དེ་རིང་མགོས་ཕྱག་འཚལ་ལོ།། ས་སྟེང་ཝཱ་ཡུལ་གྲགས་པ་སྙན་དང་གྲགས་པ་འཕགས།། ཡོན་ཏན་རྒྱ་ཆེན་མྱི་ཟད་ཡོན་ཏན་འབྱུང་གནས
105b8 འདུད།། ཇི་སད་གསུངས་པའི་ན་བཟང་ཅིང་འི་སྐང་མཛད་བཞིན་གསུང་། ཇི་ནང་སྤྱོད་བཞིན་བསྐུལ་པ་དེང་ཁྱོད་མགོས་ཕྱག་འཚལ།། རྒ་འི་གྲོལ་མཛང་སྙམ་པ་འགྲོ་བས་བསྟན་བཀུར་བ། ཐ་རང་པ་ལེལ་པ་རྩོན་ཁྱོད་ལ་དེ་རིང་བགོས་བྱས
105b9 འཆལ།། རྒྱུའི་བྱེད་པ་རབ་སྟོན་ལྟ་བའི་མུན་པ་སེལ།། ཨེ་མཆོག་སྨོན་པ་རྒྱལ་བ་ཁྱོད་ལ་སྲུབས་སུ་མཆི།། རིན་ཅེན་སྦྱིན་པ་གཅིག་པུ་ཆོས་ཀྱི་དཀལ་བ་གསུང།། ས་འདྲའི་ཐུགས་ལྔར་ཁྱོད་ལ་བདག་ནི་ཁྱབས་སུ་མཆི།། འདྲེས་པ་ལོས