e-texts navigator
Collection
Volume
Page
Wylie

105a1 འདི་ལྟར་སྡོམ་པ་མ་བསྡམས་པའི་ཕྱིར་ཁྱེད་ཀྱིས་སྲོག་གཅོད་པ་མང་དུ་བྱས་ཤིང་། སྡིག་པའི་ལས་མང་དུ་བྱས་ལ། མང་པོ་དག་ཀྱང་འཇིགས་པར་བྱས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས། དེའི་ཚེ་བྱའི་རྒྱལ་པོ་ནམ
105a2 མཁའོ་ལྡིང་བཞི་པོ་དེ་དག་གིས་ཅི་ནས་ཚེ་རབས་དྲན་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་གསེར་ཐུབ་དེ་དང་། དེར་དགེ་སྦྱོང་དུ་གྱུར་ནས། ལས་མངོན་པར་འདུ་བྱེད་པ་མངོན་པར་འདུ་བྱས་པ་དེ་དག་ཐམས་ཅད་རྗེས་སུ་དྲན་པར་འགྱུར
105a3 བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་དོ།། དེ་དག་གིས་ཀྱང་མངོན་སུམ་དུ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ད་ཏོ།། བཅོམ་ལྡན་འདས་སེམས་ནི་དམུ་རྒོད་གདུལ་དཀའ་ཞིང་། བསྲུང་དཀའ་བ་ལགས་ཏེ། དེར
105a4 བདག་ཅག་གིས་སེམས་བརྐམ་ཆགས་ཅན་དུ་གྱུར་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གསེར་ཐུབ་དེ་མ་བཉེས་པར་བགྱིས་སོ།། བཅོ་མ་ལྡན་འདས་བདག་ཅག་གིས་ད་སླན་ཆད་རང་གི་སྲོག་ཀྱང་ཡོངས་སུ་བཏང
105a5 བར་འཚལ་གྱི། སྡིག་པའི་ལམ་ནི་མྱི་བགྱིད་དོ།། བཅོམ་ལྡན་འདས་ཀྱིས་དེ་དག་ཆོས་ཀྱི་གཏམ་གྱིས་དགའ་བ་བསྐྱེད་ནས། འདི་སྐད་ཅེས་བཀ། འསྩལ་ཏོ།། གྲོགས་པོ་དག་ཁྱེད་དེ་བཞིན་གཤེགས་པ་བྱམས་པའི
105a6 འདུས་དང་པོའི་གྲངས་སུ་གཏོགས་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འད་ས་ཀྱིས། རྒྱ་མཚོ་ཆེན་པོར་སེམས་ཅན་གྱི་དོན་ཇི་སྙེད་བྱ་དགོས་པ་དེ་དག་ཐམས་ཅད་མཛད་ནས། ཀླུའི་རྒྱལ་པོ་རྒྱ་མཚོ་ལ་བཀའ་སྩ་ལད་པ། ཀླུའི་བདག་པོ
105a7 ཆུ་ཞོག། དརང་གིས་མལ་ཆ་དང་། སྟན་རྣམས་སྡུས་ཤིག། ང་ནི་རང་གི་གན་སུ་འགྲོའོ།། དེ་ནས་བཅོམ་ལྡན་འདས་ཞམ་རིང་པ་དང་བཅས་པར་གདན་ལས་བཞེངས་ནས། རྒྱ་མཚོ་ཆེན་པོའི་ནང་ནས་ཕྱིར་ཡང་རིན་པོ་ཆེའི་ཐེམ་སྐས་ན།
105a8 ལ་བཀོད་པ་ཆེན་པོ་དང་། མཆོད་པ་ཆེན་པོ་དང་། སངས་རྒྱས་ཀྱི་ཆེ་བ་ཉིད་ཆེན་པོར་གཤེགས་ནས། མགུར་བསལ་ཏེ། རྒྱ་མཚོའི་འགྲམ་དུ་གཤེགས་སོ།། དེ་ནས་རྒྱ་མཚོ་ཆེན་པོའི་ས་མོ་འོད་ལྡན་པས། བཅོམ་ལྡན་འདས་ས།
105a9 ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་པ། སུམ་བཅུམ་གཉིས་མཚམ་མངའ་ལ་དང་ཀྱིས་མཆོད་པ། ས་ཕྱིར་དབང་པོས་བསྙེན་བཀུམ་གྱི་མཆོག་དེང་ཕྱག་འཚལ།། པད་མ་ལྟ་བུའི་སྤྱན་མངལ་ཞལ་རས་ཟླ་བ་འདྲ། དགེ།




iiif viewer powered by OpenSeadragon

104b - 105b

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo