e-texts navigator
Collection
Volume
Page
Wylie

104b1 འགྱུར་བའི་ཟས་བཞི་པ་སྟེ། གྲོགས་པོ་དག་ངོ་ནི་ཟས་བཞི་པོ་འདི་དག་ཡང་དག་པར་བཅད་པའི་ཕྱིར་ཆོས་སྟོནད་ཏེ། གྲོགས་པོ་དག་ལུས་གསོ་བའི་ཕྱིར་གཞན་གྱི་སྲོག་བཅད་པར་མྱི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས
104b2 ཅད་ནི་སྲོག་གཅེས་ཤིང་འཕངས་པའི་ཕྱིར་ཏེ། གྲོགས་པོ་དག་དེ་ལྟ་བས་ན་བདག་ཉིད་བསྲུང་བའི་ཕྱིར་དང་། འཇིག་རྟེན་ཕ་རོལ་བསྲུང་བའི་ཕྱིར་དང་། སེམས་ཅན་ཐམས་ཅད་ལ་བདེ་བ་སྦྱིན་པའི་ཕྱིར། མཁས་པས་སྲོག་གི
104b3 ཕྱིར་ཡང་གཞན་གྱི་སྲོག་མྱི་གཅོད་ཅིང་བྱ་བ་མ་ཡིན་པ་ཐམས་ཅད་མྱི་བྱའོ།། དེ་སྐད་ཅེས་བཀའ་སྩལྡ་པ་དང་། བྱའི་རྒྱལ་པོ་ནམ་མཁའ་ལྡིང་བཞི་གཡོག་འཁོར་ས་ཡ་ས་ཡ་ལྡན་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས
104b4 གསོལ་ད་ཏོ།། བཅོམ་ལྡན་འདས་བདག་ཅག་དེ་བཞིན་གཤེགས་པ་དང་། ཆོས་དང་དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆིའོ།། སྔོན་སྡིག་པའི་ལས་བགྱིས་པ་ཡང་སོ་སོར་བཤགས་སོ།། སླན་ཅད་ཀྱང
104b5 སྡོམ་པར་འཚལ་ལོ།། ཀླུའི་རིགས་ཐམས་ཅད་ལ་ཡང་མྱི་འཇིགས་པ་གསལ་ཏོ།། བཅོམ་ལྡན་འདས་ཀྱི་དམ་པའི་ཆོས་ཡུན་ཇི་སྲིད་གནས་པ། དེ་སྲིད་དུ་ཡང་དག་པར་རྟག་ཏུ་རྒྱུན་མྱི་འཆད་པར་དེ་བཞིན་གཤེགས་པ་ལ
104b6 མཆོད་པའི་ལས་ལ་བརྩོན་པར་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱའི་རྒྱལ་པོ་ནམ་མཁའ་ལྡིང་བཞི་པོ་དེ་དག་ལ་བཀའ་སྩལ་བ། གྲོགས་པོ་དག་ཁྱོད་ན་དེ་བཞིན་གཤེགས་པ་གསེར་ཐུབ་ཀྱི་གསུང་རབ་ལ། དགེ་སློང་བའི
104b7 སྐྱེ་བྱེད་དང། པ་འབྱེ་ན་འདང་།། ས་བྱ་གྱུ་ཏོ།། དེན་གྲ་མ་པ་དང་ད་པ་དང་།
104b8 དང་སྤོངས་མོ་སྟེར་བའི་ཁྱིམ་གྱི་རྒྱགས་པས་མྱོས་ལ། བདག་ཉིད་ནི་ཚུལ་ཁྲིམས་དང་། ཆོ་ག་དང་། སྭ་བ་ཉམས་པ་དང་། ནུལ་ཁྲིམས་དང་ལྡན་པའི་དགེ་སློང་རྣམ་སོ་ནི་འཁྲུག་པ་དང་། གནོད་ཕྲ་བྱས་ཏེ། སུས་དང་ངག་དང་།
104b9 ཡིད་མ་བསྡམས་ཤིང་སྡིག་པ་མང་པོ་བྱས་པར་གྱུར་ཏོ།། དེ་བཞིན་གཤེགས་པ་གསེར་ཐུབ་དེ་ལ་ཡང་དེ་དག་གིས་མཆོད་པ་མང་པོ་བྱས་སོ།། དེ་ནས་ཁྱེད་སེམས་ཅན་དམྱལ་བར་མ་སོང་སྟེ། དུད་འགྲོལ་སྐྱེ་གནས་འདིར་སྐྱེས་ནས




iiif viewer powered by OpenSeadragon

104a - 105a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo