e-texts navigator
Collection
Volume
Page
Wylie

103b1 ཇི་སྙེད་ཀྱིས་རས་ཕྲག་ཟར་དེ་ལས་དུམ་བུ་དུས་བུར་ཁྱེར་བ་མཐོང་ངམ། གསོལ་པ་བཅོམ་ལྡན་འདས་མཐོང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་དག་ཐམས་ཅད་ནི་བསྐལ་པ
103b2 བཟང་པོ་འདི་ཁོ་ན་ལ་ཡོངས་སུ་མྱ་ངན་ལས་འདའ་བར་ངས་ལུང་བསྟན་ཏེ། ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་ནི་མ་གཏོགས་སོ།། ཀླུའི་བདག་པོ་དེ་བཞིན་གཤེགས་པ་ནི་དེ་ལྟར་འཇིག་རྟེན་ན་ཡོན་གནས་ཡིན་ཏེ། དེ་ལ
103b3 སེམས་ཅིག་བསྐྱེད་པ་ཙམ་དུ་ཡང་ཆུད་ཟ་བར་མྱི་འགྱུར་རོ།། དེ་ནས་རྒྱ་མཚོ་ཆེན་པོའི་ནང་ན་ཀླུ་དང་། ཀླུ་གཞོ་ནུ་དང་། ཀླུའི་བུ་མོ་ཇི་སྙེད་གནས་པ་དེ་དག་ཐམས་ཅད་ཚིམ་ཞིང་མགུ་ལ་ཡིད་རངས་ཏེ། རབ་ཏུ་དགལ་ཞིང་དགའ་བ
103b4 དང་ཡིད་བདེ་བ་སྐྱེས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་བདུགས་ཏེ། ཚིག་འདི་སྐད་ཅེས་ཀྱང་སྨྲས་སོ།། དེ་བཞིན་གཤེགས་པ་ནི་གཉིས་སུ་མྱི་གསུང་བའོ།། དེ་བཞིན
103b5 གཤེགས་པ་ནི་བདེན་པ་གསུང་བའོ།། ཡང་དག་པ་གསུང་བའོ།། བྱིན་ཅི་མ་ལོག་པ་གསུང་བ་སྟེ། དེས་བདག་ཅག་ཐམས་ཅད་སོ་ངས་སུ་མྱ་ངན་ལས་འདའ་བར་ལུང་བསྟན་ཏོ།། བཅོམ་ལྡན
103b6 འདས་བདག་ཅག་ནི་སངས་རྒྱས་དང་ཆོས་དང་། དགེ་སློང་གི་དགེ་དུན་ལ་ནི་ནད་ཏུ་སྐྱབས་སུ་མཆིའོ།། བསླབ་པའི་གཞི་རྣམས་ཀྱང་། ཟུང་བར་འཚལ་ལོ།། དེ་བཞིན་གཤེགས་པ་ལ་ཡང་བཀའ་དྲིན
103b7 གཟོ་བར་འཚལ་ཏེ། དེ་བཞིན་གཤེགས་པ་བཞུགས་པ་ན་ཡང་བལྟ་བ་དང་། ཕྱག་འཚལ་བ་དང་། བསྙེན་བཀུར་བགྱིད་པ་དང་། ཆོས་མཉན་པའི་སླད་དུ་རྒྱུན་གྱི་འཆད་པར་ཐད་དུ་མཆིའོ།། དེ་བཞིན་གཤེགས
103b8 པ་ཡོངས་སུ་མྱ་ངན་ལས་འདས་པ་མ་ཡབ་སུ་གདུང་འཆང་བ་རྣམས་ལ་མཆོད་པ་བགྱིའོ།། བཀུར་བསྟི་དང་། རིམ་འགྲོ་ཐམས་ཅད་ཀྱང་བགྱིའོ།།
103b9 ཀུལ་ཡོངས་སུ་བསྐྱབ་པ་ཞེས་བྱ་བའི་ལེའུ་སྟེ།། ། བདུན་པའོ།། །




iiif viewer powered by OpenSeadragon

103a - 104a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo