e-texts navigator
Collection
Volume
Page
Wylie

103a1 བཅོག་གི་ཐུགས་ཀྱིས་སྨོན་པ་ནི་འགྲུབ་པའི་ཕྱིར་རོ།། དེ་ནས་ཀླུའི་རྒྱལ་པོ་དེ་དག་ཐམས་ཅད་ངས་ཕྲག་པར་འདི་སྐར་ཆུང་བ་འདི་རྒྱ་ཆེན་པོའི་ཀླུ་ཐམས་ཅད་ཇི་ལྟར་ཐོབ་པར་འགྱུར་སམ་སྟེ་ཞུས་པར་གྱུར་ཏོ།། དེ་ནས
103a2 བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་དེ་རྣམས་ཀྱི་སེམས་ཀྱི་ཡོངས་སུ་རྟོག་པཐུགས་ཀྱིས་མཁྱེམ་ནས། ཀླུའི་རྒྱལ་པོ་སྒྱུམ་མོ་ལ་བཀའ་བྲལ་དཔ། ཀླུའི་བདག་པོ་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅད
103a3 ཀང་ཡིན་པ་དེ་དག་ཐམས་ཅད་ཀྱིས་རས་ཕྲག་ཟར་འདི་ལས། དུམ་བུ་དུམ་བུར་ཁྱེར་དུ་ཟིན་ཀྱང་། རས་ཕྲག་ཟར་འདི་ཡོངས་སུ་ཟད་པར་མྱི་འགྱུར་ཏེ། དེ་དག་གིས་གོས་ཇི་ཙམ་གྱི་ཚད་དུ་འགྱུར་བར་འདོད་ན་ཡང་དེ་ལས་དེ་དག་གི་གོས་དེ
103a4 ཙམ་དུ་འགྱུར་ཏེ། ཀླུའི་བདག་པོ་དེ་བཞིན་གཤེགས་པའི་བྱིན་གྱི་བརླབས་ནི་དེ་ལྟར་བསམ་གྱིས་མྱི་ཁྱབ་བོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཆོས་རས་ཕྲག་གཟར་དེ་བླངས་ཏེ་དུམ་བུ་དུམ་བུ་ཕྲག་དུ་མར་བྱས་ནས། ཀླུ་ཐམས་ཅད་དང་།
103a5 ཀླུལ་གཞོ་ནུ་ཐམས་ཅད་ལ་བྱིན་ནོ།། དེར་སུ་ཇི་ཙམ་དུ་འདོད་པ་དེཿམ་གྱི་གོས་སུ་མངོན་པར་འགྲུབ་པར་འགྱུར་ཏེ། ཡངས་ཤིང་རྒྱ་ཆེ་བ་ར་འགྱུར་ལ་རས་ཕྲག་ཟར་དེ་ཡང་ཡོངས་སུ་ཟད་པར་མྱི་འགྱུར་རོ།། དེ
103a6 ནས་ཀླུའི་རྒྱལ་པོ་རྒྱ་མཚོས་ཀླུའི་རྒྱལ་པོ་དེ་དག་ཐམས་ཅད་ལ་སྤྲས་པ།། གྲོགས་པོ་དག་རས་ཕྲག་ཟར་དེ་ལ་སྟོན་པའི་འདུ་ཤེས་དང་། མཆོད་རྟེན་གྱི་འདུ་ཤེས་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རས་ཕྲག
103a7 ཟུར་འདི་ན་དེ་བཞིན་གཤེགས་པས་ལོངས་སྤྱད་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་མཆོད་རྟེན་དུ་གྱུར་པ་ཡིན་ནོ།། གྲོགས་པོ་དག་དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད་པ་གང་ཡིན་པ་དང་། རས་ཕྲག་ཟར་འདི་ལ་མཆོད་པ
103a8 བྱེད་པ་གང་ཡིན་པ་དེ་ལ་ནི་བྱེ་བྲག་གམ་ཐ་དད་དུ་བྱ་བ་ཆུང་ཟད་ཀྱང་མྱེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཀླུའི་བདག་པོ་ལེགས་སོ།། ལེགས་སོ།། ཁྱོད
103a9 ཀྱིས་འི་གང་སྦས་པ་བཞིན་ཏེ། རས་ཟག་པར་དེ་ལ་མཆོད་པ་བྱེད་པ་གང་ཡིན་པ་དེ་དག་གིས་ནི། དེ་བཞིན་གཤེགས་པ་ལ་མཆོད་འབྱས་པ་ཡིན་ནོ།། ཀྭའི་བདག་པོ་ཀླུ་དང་། ཀླུའི་གཞོ་རུ་དང་། ཀླུའི་དུ་མོ




iiif viewer powered by OpenSeadragon

102b - 103b

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo