e-texts navigator
Collection
Volume
Page
Wylie

102a1 །། མིན་གྱིས་འཇིགས་པས་ག་ཏུམག་པཞིན་ཏུན་ནམས་དང་ག་མ་ཡིན་གསུས་འབྱེད་པ་ན་ཡང་། བར་ཙུན་འབྱེད་ཅིང་ཐོད་པར་འབྱེད་དེ། དེ་བས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པས། ཅིན་མ་མམན
102a2 ཐམས་ཅད་སེམས་མཐུན་པར་འགྱུར་བ་དེ་ས་ཟུར་ཆོས་བསྟན་མ་ལེགས་མོ་ལེགས་སོ།། འཁོར་འདིར་ལྷ་དཔལ་མ་ཡིན་འདུས་པ་འདི་དག་ཐམས་ཅད་ཀྱང་ཅིན་ས་གཅིག་ལ་གཅིག་འཐུན་པར་བགྱིད་པ་དང་། བྱམས་པར་སེམས་ཡང
102a3 ཕན་པར་སེམས་པ་དང་། གནོད་པར་སེམས་པར་འགྱུར་བ་དེ་ལྟ་བུར། སེམས་དད་པར་བཅོམ་ལྡན་འདས་ཀྱིས་མངད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས་ལཱ་མ་ཡིན་གྱི་དབང་པོ་ལྔ་གཅན་དང་། ལྷམ་ཡིན་གྱི་དབང་པོ་བདེ་མཆོ་པ
102a4 ཟག་བཟངས་རིས་དང་། ལག་བཟངས་དང་། སིམ་བྱེད་རྣམས་ལ་ཡ་ཀྲའ་སྩལ་ད་པ། གྲོགས་པོ་དག་བྱམས་པ་ནི། སངས་རྒྱས་ཐམས་ཅད་ཀྱིས་བྷ་སྔགས་སོ།། བྱམས་པའི་རྗེས་སུ་འཇུག་པའི་སྐྱེས་བུ་གང་ཟག་གིས་ནི།
102a5 ཚེ་འདི་དང་ཚེ་ཕྱི་མའི་དོན་ཐོབ་པར་འགྱུར་རོ།། གྲོགས་པོ་དག་ཚེ་ནི་ཡུན། ཟུང་ངོ་།། ཚེ་ཕྱི་མར་ནི་འགྲོ་དགོས་སོ།། འབྱོརྡ་པ་ཐམས་ཅད་ཀྱི་མཿ། འ་ནི་རྒུད་པའོ།། རྒྱལ་པོའི་ལོངས་སྤྱོད་དང་། དབང་ཕྱུག་རྣམས་ནི
102a6 མྱི་རྟག་གིས། ཁྱེད་ལྷན་ཅིག་མཐུན་པ་དང་། གནོད་སེམས་མྱེད་པ་དང་། འཇིག་རྟེན་ཕ་རོལ་ལ་ལྟ་བ་དང་། ལས་ཀྱི་རྣམ་པར་སྦྱིན་པ་ལ་རྟོན་པས་ག་ནས་པས་གྱིས་ཤིག། བཅོམ་ལྡན་འདས་ཀྱིས་དེ་ལྟར་ཅི་ནས་སུམ་བཅུ
102a7 རྩ་གསུམ་པའི་ལྷ་རྣམས་དང་། ལྷ་མ་ཡིན་དེ་དག་འཐུན་པར་གནས་པར་འགྱུར་བ་དེ་ལྟ་བུའི་སྐྱོ་བའི་གཏམ་མཛད་དོ།། དེ་ནས་ཚིག་འདི་སྐད་ཅེས་གསོལ་ད་ཏོ།། བཅོམ་ལྡན་འདས་བདག་ཅག་དེང་སླན་ཅད་གཉེན་པའི་ཚུལ་དུ་བགྱིད་ཅིང་། གཅིག
102a8 ལ་གཅིག་བྱམས་པའི་སེམས་དང་། གནོད་སེམས་མ་མཆིས་པས་གནས་པར་འཚལ་ལོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ད་པ། གྲོགས་པོ་དག་ལེགས་སོ་ལེགས་སོ།། བྱམས་པའི་རྣམ་པའི་སེམས་གང་ཡིན་པ་དེ་ནི། དེ་བཞིན
102a9 གཤེགས་པ་རྣཾས་ཀྱི་མཆོད་པའི་མཆོག་ཡིན་ནོ།། རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་རྣམ་པས་ནི། འདི་ལྟ་སྟེ། བྱམས་པའི་སེམས་ཀྱི་ཏིང་ངེ་འཛིནད་དེ་མཆོག་ཡིན་ཏེ། ངས་དེ་དགོངས་ནས་དེ་སྐད་བསྟན་ཏོ།། གྲོགས




iiif viewer powered by OpenSeadragon

101b - 102b

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo