e-texts navigator
Collection
Volume
Page
Wylie

101b1 བར་འཆང་རྒྱ་བར་འགྱུར་བ་དེའི་ཚེ། བདག་ཀྱང་མངོན་པར་རྫོགས་པར་འཆ་བརྒྱ་བར་འགྱུར་བ་ལགས་སོ།། སྨྲས་པ་འོ་བོ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་ནི་གནས་མྱེད་སྐད་བྱེད་དོ།། སྨྲས་པ་དེ་དེ་ལྟར་ལགས་ཏེ།
101b2 བྱང་ཆུབ་ནི་གནས་མ་མཆིས་པ་ལ་གནས་པ་སྟེ། དེ་ནི་སུས་ཀྱང་མངོན་པར་རྫོགས་པར་འཆ་རྒྱ་བར་མྱི་ནུམ་ལགས་སོ།། བུ་མོ་དེས་བསྟན་པ་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་སྔ་བརྒྱས་ཀྱི་སྐྱེ་བའི་ཆོས་ལ་བཟོད་པཐོང
101b3 པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་ཀྱང་བུ་མོ་དེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བུ་མོ་ལགས་སོ།། ལེགས་སོ།། ཁྱོད་ཀྱི་ཆོས་བསྟན་པ་འདི་ལེགས་པར་སྨྲས་སོ།། དེ་ནས་འཁོར་དེའི་ནང་ནས་ཝཱ་དང་། ཀླུ་དང་། གནོད
101b4 སྦྱིན་དང་། དྲི་ཟ་ཁ་ཅིག་འདི་སྙམ་དུ་སེམས་ཏེ། བུ་མོ་འདི་ཡུན་ཇི་སྟེ་ད་ཅིག་ན། བྲ་ན་བྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་བར་འཚང་རྒྱ་བར་འགྱུར་སྙམ་པ་དང་། བཅོམ་ལྡན་འདས་ཀྱིས་དེ་།
101b5 ཀཾ་བསམ་བཞུགས་སུ་ཆུད་ནས། དགེ་སློང་དག་ལ་བཀའ་སྩལ་ད་དགེ་སློང་དག་བུ་མོ་རིན་ཅེན་སྣ་ཚོགས་ཅན་འདི་ནི་བསྐལ་པ་གྲངས་རྩེ། དཔ་སུམ་བརྒྱད་བསྐལ་པ་རྣམ་པར་སྦྱོང་བ་ཞེས་བྱ་བ་ལ། འཇིག
101b6 རྟེན་གྱི་ཁམས་སྣང་བ་ཅན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དེ་ག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་རྣམ་པར་གཟིགས་ཞེས་བྱ་བར་འ་རོ།། འཇིག་རྟེན་གྱི་ཁམས་སྣང་བ་ཅན་དེ་ཡང་དེ་བཞིན་གཤེགས་པ
101b7 དེའི་འོད་ཀྱིས་རྟག་ཏུ་སྡང་བར་འགྱུར་རོ།། ཞབ་འབྲིང་བ་བྱང་ཆུབ་སེམས་དཔའ་ནི་བྱེ་བ་ཕྲག་དགུ་བཅུ་རྩ་གཉིས་སུ་འགྱུར་རོ།། དེའི་ཚེ་ཚད་ནི་བར་གྱི་བསྐལ་པ་བཅུར་འགྱུར་རོ།། དེ་ནས་ཀླུའི་བུ་མོ་ཁྲ་བོ་དེ་དག་གིས་ཀྱང་། བཅོམ་ལྡན་འདས་ལ
101b8 འདི་སྐད་ཅེས་གསོས་ཏོ།། བཅོམ་ལྡན་འདས་གང་གི་ཆེ། དེ་བཞིན་གཤེགས་པ་ཀུན་ཏུ་རྣམ་པར་གཟིགས་དེས་བྱང་ཆུབ་བརྙེས་པ་དེའི་ཚེ། བདག་ཅག་འཇིག་རྟེན་གྱི་ཁམས་དེར་སྐྱེ་བར་གྱུར་ད་ཅིག་ཅེས་གསོལ་ནས། དེ་དག་ཀྱང
101b9 བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་ཁམས་དེར་སྐྱེ་བར་ལུང་བསྟན་ཏོ།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སུམ་བཅུ་རྩ་གསུམ་པའི་ལྷ་འདི་དག་ནི། ལྷ་མ




iiif viewer powered by OpenSeadragon

101a - 102a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo