e-texts navigator
Collection
Volume
Page
Wylie

101a1 ནུབ་ནི་སུམ་དང་སེམས་ཀྱང་བོ་ཉིད་འོན་ལགས་ཏེ། ངོ་བོ་ཉིད་ཀྱིས་ཆོམ་ཉིད་མངོན་པར་རྫོགས་པར་འཆང་རྒྱ་བར་མྱི་འགྱུར་རོ།། སྨྲས་པ། བུ་མོ་ཅི་ཁྱོད་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུརརམ། སྙམ་པ
101a2 བདག་ཉིད་བྱང་ཆུབ་ལགས་ཏེ། བྱང་ཆུབ་ཀྱིས་མངོན་པར་རྫོགས་པར་འཆང་རྒྱ་བར་མྱི་འགྱུར་ལགས་སོ།། སྨྲས་པ། བུ་མོ་གལ་ཏེ་ཁྱོད་ཉིད་བྱང་ཆུབ་ཡིན་ན། ཅི་ཆོས་ཀྱི་འཁོར་ལོ་བསྐོར་རམ། སྨྲས་པ། བདག་ནི་ཆོས་ཀྱི་འཇོམས
101a3 སྒོམ་ལགས་སོ།། སྦས་པ་ཁྱོད་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཇི་ལ་བུ་ཞིག་སྨྲས་པ། འཁོར་ལོ་དོན་རྟེན་ཐམས་ཅད་དང་བྲལ་བའི་སླད་དུ་ཕྱི་གཡོ་བ་ལགས་སོ།། འཁོར་ལོ་དོ་ནི་ཆོས་ཀྱི་དབྱིངས་ལ་གནས་པའི་ཚུལ་གྱིས་གནས་པ་ལ
101a4 པ་ལགས་སོ།། འཁོར་ལོ་དེ་ནི་བྲལ་བ་མ་མཆིས་པའི་ཚུལ་གྱིས་དེ་བཞིན་ཉིད་ལགས་སོ།། འཁོར་ལོ་དེ་ནི་ཡང་དག་པའི་མཐའ་ལ་གནས་པས་མྱི་གནས་པ་ལགས་སོ།། འཁོར་ལོ་དེ་ནི་གནས་ཐམས་ཅད་ལས་བྱུང་བ་མ་ལགས་པས
101a5 གནས་པ་མ་མཆིས་པ་ལགས་སོ།། འཁོར་ལོ་དེ་ནི་ཆོས་ཐམས་ཅད། ཀྱི་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བས་གཉིས་སུ་མ་མཆིས་པ་ལགས་སོ།། འཁོར་ལོ་དེ་ནི་གཅིག་དང་ཐ་དད་པར་མྱི་དམྱིགས་པས་ཐ་དད་པ་མ་ལན
101a6 འཁོར་ལོ་དེ་ནི་སྒྲ་དང་སྐད་དང་། ཚིག་གི་ལམ་ཐམས་ཅད་རོ་གཅིག་པ་བརྗོད་དུ་མ་མཆིས་པ་ལགས་སོ།། འཁོར་ལོ་དོན་ཤིནད་ཏུ་ཀུན་ནས་ཉོ་ན་མོངས་པ་ཅན་མ་ལགས་པས་རྣམ་པར་དག་པ་ལགས་སོ།། འཁོད
101a7 སོ་དེ་ནི་ཆད་པར་དང་རྟག་པ་མྱི་དམྱིགས་པས་ཡོད་པ་ཡོངས་སུ་ཆད་པ་མ་ལགས་སོ།། འཁོར་ལོ་དེ་ནི་རྒྱུ་དང་རྐྱེན་ཤིན་ཏུ་བརྟགས་པས་འགལ་བ་མ་མཆིས་པ་ལགས་སོ།། འཁོར་ལོ་དེ་ནི་བདེན་པ་ལགས་སོ།། འཁོར་ལོ་དེ
101a8 ནི་གྱི་སྐྱེ་མྱི་འགྲག་པ་ལགས་སོ།། འཁོར་ལོ་དོན་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལགས་སོ།། བཙུན་པ་འོད་སྲུང་ཆེན་པོ་འཁོར་ལོ་དེ་འདྲ་བག་པ་ལགས་པ་དེའི་བསྐོར་བ་ཅི་འདྲ་བ་ཞིག་ལགས།། ཡཱ
101a9 པ་བུ་མོ་ཁྱོད་ཀྱི་བསྟན་པ་འདི་འདྲི་བ་ལས་ནི་ཁྱོད་ནི་རིང་པོ་མྱི་ཐོགས་པར་བླ་ན་བྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། སྨྲས་པ། གང་གི་ཚེ་གནས་བཏན་བྱང་ཆུབ་མངོན་པར་རྫོགས




iiif viewer powered by OpenSeadragon

100b - 101b

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo