| e-texts navigator |
| Wylie |
100b1 པ་བཙུན་པ་གལ་ཏེ་སངས་རྒྱས་ཀྱི་ཆོས་རྣམས་གདགས་སུ་མ་མཆིས་པ་དང་། གདགས་སུ་ཁྱི་རུང་བ་ལགས་ན། ཅིའི་སླད་དུ་བདག་ལ་ཚོལ་བ་མཛད་སྨྲས་པ་བུ་མོ་ལོན་སངས་རྒྱས་ཀྱི་ཆོས་གང་ལས་བཙལ་བར་བྱ།། སྨྲས་པ་ལྟ་བའི་རྣམ
100b2 པ་དྲུག་བཅུ་པ་གཉིས་ལས་བཙལ་བར་བགྱིའོ།། སྨྲས་པ་ལྟ་བའི་རྣམ་པ་དྲུག་བཅུ་རྩ་གཉིས་ཀྱང་གང་ནས་བཙལ་བར་བྱ།། སྨྲས་པ། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བ་ལས་བཙལ་བར་བགྱིའོ།། སྨྲས་པ་དེ་བཞིན་གཤེགས་པནི
100b3 རྣམ་པར་གྲོལ་བ་ཡང་གང་ལས་བཙལ་བར་བྱ་སྨྲས་པ། མཚམས་མྱེད་པ་ལྔ་ལས་བཙལ་བར་བགྱིའོ།། སྨྲས་པ་མཚམས་མྱེད་པ་ལྔ་ཡང་གང་ནས་བཙལ་བར་བྱ། སྨྲས་པ། གནས་བརྟན་འོད་སྲུང་ཆེན་པོའི་རྣམ་པར་གྲོལ་པོའི་ཡེ་ཤེས
100b4 མཐོང་བ་ལས་བཙལ་བར་བགྱིའོ།། སྨྲས་པ་བུ་མོ་ཁྱོད་ཀྱི་གཏམ་འདི་དྲ་བ་དེ་ཇི་ལྟ་བ་ཞིཀ། སྨྲས་པ། བཙུན་པ་གཏམ་འདི་ནི་ཨ་བཅིངས་མ་གྲོལ་བའི་གཏམ་ལགས་སོ།། བླང་དུ་མ་མཆིས་ཤིང་དོར་དུ་མ་མཆིས་ཏེ།
100b5 རང་བཞིན་གྱིས་ཡོངས་སུ་དག་པའི་གཏམ་ལགས་སོ།། ཆོས་ཐམས་ཅ་ད་ཐ་དད་པ་མ་མཆིས་པའི་གཏམ་ལགས་སོ།། སྨྲས་པ་བུ་མོ་འདི་ནི་དེ། བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་དང་མཐུན་པ་ཡིན་ནོ།། སྨྲས་པ།
100b6 བཙུན་པ་འོད་སྲུང་ཆེན་པོ་དེ་ནི་མད་དེ། འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་དང་མཐུན་པ་མ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེ་བ་ཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ནི་བརྗོད་དུ་མ་མཆིས་པ་བསྙད་དུ་མ
100b7 མཆིས་པ་ལགས་པའི་སླད་དུའོ།། བཙུན་པ་འོད་སྲུང་ཆེན་པོ་བཤད་པའི་དངོས་པོ་གང་ལགས་པ་དེ་དག་ཐམས་ཅད་ནི་སྨྲས་རྣམ་ཡང་དབྱེ་བ་ལགས་ལ། བྱང་ཆུབ་གང་ལགས་པ་དེ་ནི་དོན་དམ་པར་སྨྲས་བརྡ་སྨད་པར་གྱི་ནུམ་ལགས་སོ།།
100b8 བུམ་པ་བྱང་ཆུབ་ཅེས་བགྱི་བ་འདི་ནི་ཉི་བ་ནི་པའི་གཱའི་ལགས་སོ།། འདིན་ལོ་ག་ས་མཆིས་པའི་གཞི་ལགས་སོ།། འདི་ན་རྗེས་བྱ་བཞིན་གྱི་གནི་ལགས་སོ།། འདི་ནི་གནས་མཆིས་པའི་གཞི་སེམས་མེད། སྨྲས་པ། ཐུ་མོག་ཅེ།
100b9 བྱང་ཆུབ་ཀྱི་མཚན་ཉིད་དེ་ལྟ་བུ་ཡིན་ན་དེ་ཇི་ལྟར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར།། སྨྲས་པ་བཙུན་པ་འོད་སྲུང་ཆེན་པོ་ལུས་དང་སེམས་ཀྱིས་མངོམ་པར་རྫོགས་པར་འཚང་རྒྱ་བར་བྱི་འགྱུར་རོ།། དེ་ཅིའི་སླད་དུ་ཞེ་ན།། བྱབ