e-texts navigator
Collection
Volume
Page
Wylie

221a1 དག་རང་བྱང་ཆུབ་ཏུ་སེམས་སྐྱེས་སོ།། སེམས་ཅན་དཔག་ཏུ་མྱེད་པ་དག་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བ་ལ་སེམས་སྐྱེས་སོ།། སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་འདི་ཡང་།
221a2 རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། ལྟེག་རབ་ཏུ་ལྡེག། རབ་ཀུན་ཏུ་རབ་ཏུ་ལྡེག། འཁྲུགས་རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས། ཆེམ
221a3 ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ། འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར། ཤར་ཕྱོགས་དམའ་ན་ནུབ་ཕྱོགས་དམཐོའ། ནུབ་ཕྱོགས་དམའ་ན་ཤར་ཕྱོགས་མཐོའ། བྱང་ཕྱོགས་དམའ་ན་ལྷོ་ཕྱོགས་མཐོ
221a4 ལྷོ་ཕྱོགས་དམའ་ན་བྱང་ཕྱོགས་མཐོལ། མཐའ་དམཱན་དབུས་མཐོའ། དབུས་དམལ་ན་མཐའ་མཐོའ་སྟེ། འཇིག་རྟེན་དུ་སྡང་བ་དཔག་ཏུ་མྱེད་པ་དག་བྱུང་བར་གྱུརྡ་ཏོ།། ལྷའི་སྤོས་ཀྱི་ཆར་ཆེན་པོ་ཡང་མངོན་པར་འབབ་བོ།
221a5 ལྷ་དག་ཀྱང་མེ་ཏོག་གི་ཆར་ཆེན་པོ་གཏོང་ངོ་།། ལྷའི་སིལ་སྙན་བརྒྱ་སྟོང་དག་ཀྱང་། སྟེང་གི་བར་སྣང་ལ་རྡུང་།། ལྷའི་ན་བཟའ་དག་ཀྱང་སྟེང་གི་ནམ་མཁའ་ལ་གཡོབ་ཅིང་ཚིག་འདི་སྐད་ཅེས་ཟེར་རོ།།
221a6 གང་གིས་སྙིང་རྗེ་ཆེན་པོ་ལ་འཇུག་པའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་ར་འགྱུར་བའི་སེམས་ཅན་དེ་དག་ནི་རྙེད་པ་ལེགས་པར་རྙེད་པ་ཡིན་ཏེ། སེམས་ཅན་དེ་དག་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས
221a7 པར་འགྱུར་རོ།། གང་གིས་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྲོས་པའི་ཏིང་ངེ་འཛིན་འདི་ཐོས་པར་འགྱུར་ཞིང་ཐོས་ནས་ཀྱང་ཡི་གེར་འདྲི་བ་ད་། འཛིན་པ་དང་། འདོན་པ་དང་། འཆང་པ་དང་། ཀློག
221a8 པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཉོན་མོངས་པ་མྱེད་པར་བསྒོམ་པས་བསྒོམ་པ་དང་། མང་དུ་བྱེད་པ་དང་། གཞན་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོནད་པ་དེ་དག་ནི་སེམས་ཅན་ཐམས་ཅད་ཀྱི་སྦྱིན་གནས་སུ་འགྱུར་རོ།།
221a9 དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སཿལད་པ། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ཁྱོད་ཀྱིས་ཟུང་ཤིག། ལྷོགས་ཤིག། ཀུན་ཆུབ་པར་གྱིས་ཤིག། གཞན་ལ་ཡང་རྒྱ་ཆེར་ཡང་དག་པར་རབ




iiif viewer powered by OpenSeadragon

220b - 221b

Texts on this page

Ng4.2 - 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po zhes bya ba theg pa chen po'i mdo