e-texts navigator
Collection
Volume
Page
Wylie

220b1 གིས་ཡོངས་སུ་ཤེས་པ་གང་ཞེ་ན་ནལ་པོ་ཆེའི་དོན་ཆེ་བའི་ཕྱིར་རོ།། དེ་ལ་ངེས་པ་དག་གིས་ཤེས་པ་གང་ཞེ་ན་འདི་ས་སྟེ་བཀུར་བསྟི་ཀུན་ཤེས་པའི་ཕྱིར་རོ།། དེ་ལ་འདོད་པ་ཉུང་བས་རྟོགས་པ་གང་ཞེ་ན་འདི་ལྟ་སྟེ་བཀུར་སྟི་མྱི་སྐྱེད་པའི་ཕྱིར་ན
220b2 དེ་ལ་བརྩོན་འགྲུས་པ་ཐམས་པ་རྣམས་ཀྱིས་གཟུང་བ་གང་ཞེ་ན། འདི་ལྟ་སྟེ་བཚོན་པ་མྱི་འདོར་བའི་ཕྱིར་རོ།། དེ་ལ་དྲན་པ་དག་གིས་བཅངས་པ་གང་ཞེ་ན་འདི་ལྟ་སྟེ། བྱས་པ་ཆུད་མྱི་ཟ་བའི་ཕྱིར་རོ།། དེ་ལ་སྡུག་བསྔལ་ཟད་པ
220b3 གང་ཞེ་ན་འདི་ལྟ་སྟེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྤོང་བའི་ཕྱིར་རོ།། དེ་ལ་ཆོས་ཀྱི་སྐྱེ་བ་ཤེས་པ་གང་ཞེ་ན་འདི་ལྟ་སྟེ། རྣམ་པར་ཞེས་པ་ཐམས་ཅད་འགོག་པར་འགྱུར་བའི་ཕྱིར་རོ།། དེ་ལ་བསྟན་པ་གཅིག་གང
220b4 ཞེ་ན་འདི་ལྟ་སྟེ་སྲིད་པའི་འགྲོ་བ་དངའ་ཆི་འཕོ་དང་སྐྱེ་བའི་གནས་པམས་ཅད་ཀྱི་ཆོས་ཐམས་ཅད་རྨྱི་ལམ་ལྟ་བུའོ་ཞེས་ཆོས་ཐམས་ཅད་མྱི་སྐྱེ་བའི་ཕྱིར་རོ།། འདི་ནི་ཚིག་སུམ་རྒྱ་པོ་འདི་རྣམས་རྒྱས་པར་བསྟནད་པར
220b5 རིག་པར་བྱ་སྟེ། གཞོན་ནུ་འདི་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་གྲོས་པའི་ཏིང་ངེ་འཛིན་ཅེས་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདིར།
220b6 གསུངས་སོ།། སངས་རྒྱས་ཆོས་ནི་རྒྱ་ཆེ་སྟེ།། ཚུལ་ཡང་རྒྱ་ཆེར་བསྟནད་པ་ཡིན། ཆོས་རྣམས་རྒྱ་ཆེར་བསྟན་པས་ན། ཡོན་ཏན་རྒྱ་ཆེན་ཐོབ་པར་འགྱུར།། ཇི་ལྟར་ནམ་མཁའ་རྒྱ་ཆེ་བ།། ཆོས
220b7 ཀྱི་མཚན་ཉིད་དེ་བཞིན་ཏེ།། རིན་ཅེན་འོད་ཟེར་རྒྱ་ཆེ་གང་།། དེ་ཕྱིར་ཤིན་ཏུ་རྒྱས་ཤེས་བྱ།། སེམས་ཅན་སྤྱོད་པ་རྒྱ་ཆེ་སྟེ།། དེ་དག་བསྟན་པའང་རྒྱ་ཆེའོ།། ལུང་གི་དོན་ཀྱང་རྒྱ་ཆེ་བས།། དེ་ཕྱིར་ཤིན་ཏུ་རྒྱས་ཤེས
220b8 བྱ།། ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་ཐོས་པའི་ཏིང་ངེ་འཛིན་ངེས་པར་བསྟནད་པའི་ཚེ་ཅི་རྣམ་གྲངས་འདི། བཅོམ་ལྡན་འདས་ཀྱིས་བཤད་པ་ན།། སེམས་ཅན་དཔག་ཏུ་མྱེད་པ་དག་གིས་བླ་ན
220b9 མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། སེམས་ཅན་དཔག་ཏུ་མྱེད་པ་དག་ཀྱང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་གྱི་ལྡོག་པར་གྱུར་ད་ཏོ།། སེམས་ཅན་དཔག་ཏུ་མྱེད་པ




iiif viewer powered by OpenSeadragon

220a - 221a

Texts on this page

Ng4.2 - 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po zhes bya ba theg pa chen po'i mdo