| e-texts navigator |
| Wylie |
220a1 འདས་པའི་དགོམས་པཤེས་པ་ཐམས་ཅད་སྐྱེད་པའི་ཕྱིར་རོ།། དེ་ལ་རིག་པ་སྐྱེ་བ་གང་ཞེ་ན་འདི་ལྟ་སྟེ། ཚུལ་བཞིན་ཡིད་ལ་བྱེད་པ་ཐམས་ཅད་ཡོངས་སུ་བསླབ་པའི་ཕྱིར་རོ།། དེ་ལ་མ་སྨིན་པ་སྤོང་བ་གང་ཞེན། འདི་ལྟ་སྟེ།
220a2 ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་འབྲལ་བར་འགྱུར་བའོ།། དེ་ལ་རྣམ་པར་གྲོལ་བའི་སྙིང་པོས་ངོམས་པ་གང་ཞེ་ན། འདི་ལྟ་སྟེ་འཕགས་པའི་ཆེ་བ་ཉིད་ཡོངས་སུ་བསྒྲུབ་པའི་ཕྱིར་རོ།། དེ་ལ་ཏིང་ངེ་འཛིན་སྙིང་པོར་བྱེད་པ
220a3 རྣམས་ཀྱི་དཀའ་བ་གང་ཞེ་ན། འདི་ལྟ་སྟེ་བདེ་བ་དང་དཀའ་བའི་བདེ་བ་ཐམས་ཅད་དང་སེམས་ཆེ་གཅིག་པ་ཡོངས་སུ་སྒྲུབ་པའི་ཕྱིར་རོ།། དེ་ལ་མཐོང་བར་འདོད་པ་རྣམས་ཀྱི་དམྱིག་ཏུ་གྱུརྡ་པ་གང་ཞེ་ན་འདི་ལྟ་སྟེ། བདག་ཉིད
220a4 ལྟ་བའི་ཕྱིར་རོ།། དེ་ལ་རྣམ་པར་འཕྲུལ་པར་འདོད་པ་རྣམས་ཀྱི་མངོན་བར་ཤེས་པ་གང་ཞེ་ན་འདི་ལྟ་སྟེ། སྒྲིབ་པ་མྱེད་པ་དང་། འདོད་པར་འགྱུ་ར་བའི་ཆོས་ཉིད་ཀྱི་ཕྱིར་རོ།། དེ་ལ་མངོན་པར་བསྒྲུབ་པར་འདོད་པ
220a5 རྣམས་ཀྱི་རྫུ་འཕྲུལ་གང་ཞེ་ན་འདི་ལྟ་སྟེ། ཆོས་ཐམས་ཅད་ལ་མྱི་རྟོག། པའི་ཤེས་པ་སྒྲིབ་པ་མྱེད་པའི་ཕྱིར་རོ།། དེ་ལ་ཐོས་པར་འདོད་པ། རྣམས་ཀྱི་གཟུངས་གང་ཞེ་ན་འདི་ལྟ་སྟེ། ཆོས་ཐམས་ཅད་མྱ་ངན་ལ
220a6 པ་དང་མཉམ་པའི་ཕྱིར་རོ།། དེ་ལ་དྲན་པ་མྱི་ཉམས་པ་གང་ཞེ་ན་འདི་ལྟ་སྟེ། མྱ་ངན་ལས་འདས་པར་དམྱིགས་པར་རང་བཞིན་རྣམ་པར་ཞི་བའི་ཕྱིར་རོ།། དེ་ལ་སངས་རྒྱས་རྣམས་ཀྱི་བྱིན་ཀྱི་རླབས་གང་ཞེ་ན་འདི་ལྟ
220a7 སྟེ། མཐའ་ཡས་པ་ཡོངས་སུ་བསྒྲུབ་པའི་ཕྱིར་རོ།། དེ་ལ་མགོན་པོ་རྣམས་ཀྱི་ཞབས་མཁས་པ་གང་ཞེ་ན་འདི་ལྟ་སྟེ། ཐམས་ཅད་བདེ་བ་དངལ་ལེགས་པར་འགྲོ་བའི་ཕྱིར་རོ།། དེ་ལ་ཕྲ་མོ་གང་ཞེ་ན་འདི་ལྟ་སྟེ། མྱ་ངམ་སས་འདྲ
220a8 པ་ལ་དམྱིགས་པ་རྣམ་པར་ཞི་བའི་ཕྱིར་རོ།། དེ་ལ་ཤེས་པར་དཀའ་བ་གང་ཞེ་ན་འདི་ལྟ་སྟེ། སོ་སོར་རིག་པར་དཀའ་བའི་ཕྱིར།། དེ་ལ་མྱི་འཚོན་པ་རྣམས་ཀྱིས་རིག་པར་དཀའ་བ་གང་ཞེ་ན་འདི་ལྟ་སྟེ། སྔོན་མ་ཐོབ་པའི་ཕྱིར་རོ།།
220a9 དེ་ལ་ཡི་གེ་རྣམས་ལྡོག་པ་གང་ཞེ་ན་འདི་ལྟ་སྟེ། ཚིག་གི་ལམ་ཐམས་ཅད་ཀྱི་དམྱིགས་པའི་ཕྱིར་རོ།། དེ་ལ་སྨྲས་ཤེས་པར་དཀའ་བ་གང་ཞེ་ན། འདི་ལྟ་སྟེ་ཆོས་ཐམས་ཅད་བསམ་གྱིས་མྱི་ཁྱབ་པའི་ཕྱིར་རོ།། དེ་ལ་མཁས་པ་དག