e-texts navigator
Collection
Volume
Page
Wylie

219b1 དེ་ལ་ཆོས་དང་ལྡན་པས་སུ་སྟེགས་ཅན་རྣམས་ཆར་གཅོད་པ་གང་ཞེ་ན་འདི་ལྟ་སྟེ། ཆོས་དང་ལྡན་པས་མུ་སྟེགས་ཅན་ཆར་གཅོད་པའོ།། དེ་ལ་གྱི་འཇིགས་པ་བདེན་པའི་རྣམས་གང་ཞེ་ན། འདི་ལྟ་སྟེ་ཆོས་ཐམས་ཅད་སོང་སུ
219b2 མ་གནོན་པའི་ཕྱིར་རོ།། དེ་ལ་སྟོབས་རྣམས་ཡང་དག་པར་བཙལ་བ་གང་ཞེ་ན། འདི་ལྟ་སྟེ་མ་ལོག་པའི་ཚུལ་གྱིས་སོ།། དེ་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་སྔ་ལྟས་གང་ཞེ་ན་འདི་ལྟ་སྟེ་དཀར་པོའི་ཆོས་ཐམས་ཅད
219b3 ཐོབ་པར་བྱེད་པའི་ཕྱིར་རོ།། དེ་ལ་རྒྱན་གང་ན་ནེ་འདི་ལྟ་སྟེ། སྐྱེས་བུ་ཆེན་པོའི་མཚན་སུམ་སུ་རྩ་གཉིས་ཐོབ་པར་བྱེད་པའི་ཕྱིར་རོ།། དེ་ལ་བ་རད་པར་འདོད་པ་དག་གི་དཀའ་བ་ཀང་ཞེན་འདི་ས་སྟེ་རྫོགསས་པ་དགེ་བའི་ཕྱིརརོ
219b4 དེ་ལ་བུའི་བུ་བོ་དག་གི་དཀའ་བ་གང་ཞེ་ན་འདི་ལྟ་སྟེ་པའི་ནོར་སངས་རྒྱས་ཀྱི་ནོར་མྱོང་བ་ཐོབ་པར་བྱེད་པའི་ཕྱིར་རོ།། དེ་ལ་སངས་རྒྱས་ཀྱི་ཡེ་ཤེས་སོ་ངས་སུ་རྫོགས་པ་གང་ཞེ་ན། འདི་ལྟ་སྟེ་དཀར་པོའི་ཆོས་ཐམས་ཅད
219b5 རྗེས་སུ་སྲུང་བ་དང་། དཀར་པོའི་ཆོས་ཐམས་ཅད་གཞན་མ་ཡིན་པར་གསོའ་བ་ཐོབ་པར་བྱེད་པའི་ཕྱིར་རོ།། དེ་ལ་ཉན་ཐོས་དང་རང་ས་རས་རྒྱས་ཀྱི་ས་མ་ཡིན་པ་གང་ཞེ་ན་འདི་ལྟ་སྟེ་སངས་རྒྱས་ཀྱི་ཆོས
219b6 དཔག་ཏུ་མྱེད་པ་རྒྱ་ཆེན་པོ་ཡོངས་སུ་བསྒྲུབ་པའི་ཕྱིར་རོ།། དེ་ལ་སེམས་རྣམ་པར་དག་པ་གང་ཞེ་ན་འདི་ལྟ་སྟེ། དྲི་མ་ཐམས་ཅད་སྤོང་བར་འགྱུར་བའོ།། དེ་ལ་ལུས་ཡོངས་སུ་དག་པ་གང་ཞེ་ན་འདི་ལྟ་སྟེ
219b7 ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཕྱིར་རོ།། དེ་ལ་རྣམ་པར་ཐ་རད་པ་འདོད་པ་རྣམས་ཀྱི་ཡོངས་སུ་རྫོགས་པ་གང་ཞེ་ན་འདི་ལྟ་སྟེ་མྱི་རྟག་པ་དང་། སྡུག་བསྔལ་བ་དང་སྟོང་པ་དང་བདག་མྱེད་པ་དང་ཞི་བར་སོ་སོར་རྟོག་པ་ཡོངས
219b8 སུ་བསྒྲུབ་པའི་ཕྱིར་རོ།། དེ་ལ་འདོད་ཆགས་ཀྱི་ཀུན་ནས་ཉོན་མོངས་པ་མྱེད་པ་གང་ཞེ་ན་འདི་ལྟ་སྟེ། མྱི་འཆི་བའི་གནས་ཡོངས་སུ་བསྒྲུབ་པའི་ཕྱིར་རོ།། དེ་ལ་ཞེ་སྡང་དང་བྲལ་བ་གང་ཞེ་ན་འདི་ལྟ་སྟེ། བྱམས་པ་ཆེན་པོ་།
219b9 ཡོངས་སུ་བསྒྲུབ་པའི་ཕྱིར་རོ།། དེ་ལ་གཏི་མུག་གི་ས་མ་ཡིན་པ་གང་ཞེ་ན་འདི་ལྟ་སྟེ་ཆོས་ཡང་དག་པ་ཉིད་ཡོངས་སུ་བསྒྲུབ་པའི་ཕྱིར་རོ།། དེ་ལ་ཡེ་ཤེས་འབྱུང་བ་གང་ཞེ་ན་འདི་ལྟ་སྟེ། འཇིག་རྟེན་པ་དང་འཇིག་རྟེན་ལས།




iiif viewer powered by OpenSeadragon

219a - 220a

Texts on this page

Ng4.2 - 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po zhes bya ba theg pa chen po'i mdo