| e-texts navigator |
| Wylie |
218b1 སུ་ཡི་རང་བར་བྱ་བ་གང་ཞེ་ན། འདི་ལྟ་སྟེ་ངན་འགྲོ་ཐམས་ཅད་ཀྱི་ལམ་གཅོད་པའི་ཕྱིར་རོ།། དེ་ལ་མྱི་འམ་ཅི་དག་གིས་ཕྱག་བྱ་བ་གང་ཞེ་ན། འདི་ལྟ་སྟེ་ཐ་རད་པའི་རབ་ཏུ་བདེ་བ་ཐམས་ཅད་ཐོབ་པར་ཐོབ་པར་བྱ་བའི་ཕྱིར་རོ།།
218b2 དེ་ལ་ལྟོ་འཕྱེ་ཆེན་པོ་དག་གིས་རབ་ཏུ་བསྔགས་པ་གང་ཞེས། འདི་ལ་སྟེ་འཁོར་བ་གཅོད་པའི་ཕྱིར་རོ།། དེ་ལ་བྱང་ཆུབ་སེམས་དཔའ་དག་གིས་བསྒོམ་པར་བྱ་བ་གང་ཞེ་ན། འདི་ས་སྟེ་ཐམས་ཅད་མཁྱེར་བའི་ཡེ་ཤེས་ཡོག་པར
218b3 བྱེད་པའི་ཕྱིར་རོ།། དེ་ལ་མཁས་པ་དག་གིས་ཀུན་ཆུབ་པར་བྱེ་བ་གང་ཞེ་ན་འདི་ལྟ་སྟེ། ཕྱིར་མྱི་ལྡོག་པའི་ས་ཐོབ་པར་བྱེད་པའི་ཕྱིར་རོ།། དེ་ལ་ནོར་བླ་ན་མྱེད་པ་གང་ཞེ་ན། ལྷ་དང་མྱི་ཡི་སྐྱེ་དགུ་ཕུན་སུམ་ཚོགས་པའོ
218b4 པ་དང་། བ.རད་པའ་ཐོབ་པར་བྱེད་པའི་ཕྱིར་རོ།། དེ་ལ་སྦྱིན་བཟང་ཟིང་མྱེད་པ་གང་ཞེ་ན། འདི་ལྟ་སྟེ་ཉོན་མོངས་པ་ཐམས་ཅད་གཅོད་པའི་ཕྱིར་རོ།། དེ་ལ་ན་པ་རྣམས་ཀྱི་ཚེ་གང་ཞེ་ན་འདི་ལྟ་སྟེ་འདོད
218b5 ཆགས་དང་ཞེ་སྡང་དང་། གཏི་མུག་རབ་ཏུ་ཞིང་བྱེད་པའི་ཕྱིར་རོ།། དེ་ལ་མཛོད་ཤེས་པ་གང་ཞེ་ན། འདི་ལྟ་སྟེ་བསྒོམ་པའི་ཕྱིར་རོ།། དེ་ལ་སྤོབས་པ་མྱི་ཟད་པ་ཤེས་པ་ཀང་ཞེ་ན། འདི་ལྟ་སྟེ་ཡང་དག།
218b6 པ་ཇི་ལྟ་བ་བཞིན་དུ་ཤེས་པ་དང་མཐོང་བའི་ཕྱིར་རོ།། དེ་ལ་མྱ་ངན་དང་བྲལ་བ་གང་ཞེ་ན། འདི་ལྟ་སྟེ་གནོད་པ་དང་སྡུག་བསྔལ་དོན་མྱེད་བར་རྟོགས་ཤིང་འབྱུང་བ་དང་། སྡུག་བསྔལ་བདག་མྱེད་པར་ཤེས
218b7 པའི་ཕྱིར་རོ།། དེ་ལ་ཞེས་གསུམ་ཤེས་པ་གང་ཞེ་ན། འདི་ས་སྟེ་སྒྱུ་མ་དང་རྨི་ལམ་ལྟ་བུར་རྟོགས་པའོ།། དེ་ལ་ཕ་རོལ་ཏུ་འགྲོ་བ་དག་གི་གཟིངས་གང་ཞེ་ན།། འདི་ལྟ་སྟེ་ལྷག་པོའི་བསམ་པས་ཡོངས་སུ་མྱ་ངན
218b8 ལས་འདའ་བར་འདོད་པ་དག་ཀྱི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་ཉིད་དུ་བསྒོམ་པའི་ཕྱིར་རོ།། དེ་ལ་ཆུ་བོའི་ནང་དུ་སོང་བའི་མུ་ཀ་པ་ཞེ་མ། འདི་ལྟ་སྟེ་མྱ་ངན་ལས་འདའ་བ་ཐོབ་པར་བྱེད་པའི་ཕྱིར་རོ།། དེ
218b9 སྙན་པར་འདོད་པ་དག་གི་གྲགས་པ་གང་ཞེ་ན་འདི་ལྟ་སྟེ་ཆོས་རྒྱ་ཆེན་པོས་ཐོབ་པར་བྱེད་པའི་ཕྱིར་རོ།། དེ་ལ་སངས་རྒྱས་རྣམས་ཀྱིས་བསྔགས་པ་གང་ཞེ་ན། འདི་ལྟ་སྟེ་ཡོན་ཏན་མཐའ་ཡས་པའི་ཚི་ཡི་སྦྱིན་བདག་ཏུ་གྱུར་པའི་ཕྱིར་རོ།།