e-texts navigator
Collection
Volume
Page
Wylie

218a1 མོངས་པ་མྱེད་པའོ།། དེ་ལ་མྱི་ཤེས་པ་སྤངས་པ་གང་ཞེ་ན་འདི་ལྟ་སྟེ་གཏི་མུག་སྤངས་པའོ།། དེ་ལ་ཡེ་ཤེས་གནས་པ་གང་ཞེ་ན་འདི་ལྟ་སྟེ་མྱི་གནས་སོ།། དེ་ལ་རྣལ་འབྱོར་ང་འཔྱོད་པའི་ས་གང་ཞེ་ན། འདི
218a2 ལྟ་སྟེ་བྱང་ཆུབ་ཀྱི་ཕྱོགས་སུམ་བཅུ་རྩ་བདུན་གི་ཆོས་རྣམས་བསྒོམ་པའོ།། དེ་ལ་བྱང་ཆུབ་སེམས་དཔའི་གྱོད་ཡུལ་གང་ཞེ་ན། འདི་ལྟ་སྟེ་ཕ་རོལ་ཏུ་ཕྱིནད་པ་དྲུག་གོ།། དེ་ལ་སྐྱེས་བུ་དམ་པ་དང་སྟེན་པ་གང་ཞེ་ན། འདི་ལྟ་སྟེ
218a3 སངས་རྒྱས་ལ་སྟེན་པའོ།། དེ་ལ་སྐྱེས་བུ་དམ་པ་མ་ཡིན་པ་སྤངས་པ་གང་ཞེ་ན་འདི་ལྟ་སྟེ་མུ་སྟེགས་ཅན་དམྱིགས་པར་ལྟ་བ་རྣམས་རྣམ་པར་སྤོང་བའོ།། དེ་ལ་དེ་བཞིན་གཤེགས་པས་གསུངས་པ་གང་ཞེ་ན་འདི་ལྟ་སྟེ་ས
218a4 རྒྱས་ཀྱི་སྟོབས་ལ་གནས་ནས་རང་བཞིན་ཤེས་པས་ཐ་རད་པའོ།། དེ་ལ་སངས་རྒྱས་ཀྱི་ས་གང་ཞེ་ན། འདི་ལྟ་སྟེ་དགེ་བའི་ཆོས་ཐམས་ཅད་ཐོབ་པའོ།། དེ་ལ་མཁས་པས་རྗེས་སུ་ཡི་རང་བ་གང་ཞེ་ན་འདི་ལྟ་སྟེ
218a5 འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ།། ལྡན་འདས་དང་ཉན་ཐོས་རྣམས་ཀྱིས་རྗེས་སུ་ཡི་རང་བའོ།། དེ་ལ།། བྱིས་པ་དག་གིས་སྤངས་པ་གང་ཞེ་ན་འདི་ལྟ་སྟེ་བྱིས་པ་རྣམས
218a6 ཀྱིས་རིག་པར་དཀའ་བའོ།། དེ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཤེས་པར་དཀའ་བ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་པས་མ་གྱིས་མྱི་ཁྱབ་པའོ།། དེ་ལ་མུ་སྟེགས་ཅན་གི་ས་མ་ཡིན་པ
218a7 གང་ཞེ་ན་འདི་ལྟ་སྟེ། རྣལ་འབྱོར་པ་དག་གི་ལོག་པའི་ང་རྒྱལ་ལོ།། དེ་ལ་བྱང་ཆུབ་སེམས་དཔའ་དག་གིས་ཡོངས་སུ་བཟུང་བ་གང་ཞེ་ན། འདི་ལྟ་སྟེ་རྙེད་པར་དཀའ་བ་དང་ཆེན་པོར་གྱུ་རད་པའོ།། དེ་ལ་སྟོབས
218a8 བཅུ་དག་གིས་ཁོང་དུ་ཆུད་པ་གང་ཞེ་ན། འདི་ལྟ་སྟེ་དཀའ་བའི་ཚུལ་གྱིས་སོ།། དེ་ལ་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་གང་ཞེ་ན། འདི་ལྟ་སྟེ། བདེ་བ་ཐམས་ཅད་ཐོབ་པར་བྱེད་པའི་ཕྱིར་རོ།། དེ་ལ་ཚངས་པ་དག་གིས
218a9 ཕྱག་བྱ་བ་གང་ཞེ་ན་འདི་ལྟ་སྟེ། ཐ་རད་པ་ཐམས་ཅད་ཐོབ་པར་བྱེད་པའི་ཚུལ་གྱིས་སོ།། དེ་ལ་ཀླུ་རྣམས་ཀྱིས་ཕྱག་བྱ་བ་གང་ཞེ་ན། འདི་ལྟ་སྟེ་བག་ཆགས་ཐམས་ཅད་གཅོད་པའི་ཕྱིར་རོ།། དེ་ལ་གནོད་སྦྱིན་དག་གིས་རྗེ




iiif viewer powered by OpenSeadragon

217b - 218b

Texts on this page

Ng4.2 - 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po zhes bya ba theg pa chen po'i mdo