e-texts navigator
Collection
Volume
Page
Wylie

217b1 ལས་ཀྱི་གཡོ་བ་དང་ཀྱི་འཇུག་པའོ།། དེ་ལ་གཅིག་ཏུ་བརྗོད་པ་གང་ཞེ་ན། འདི་ལྟ་སྟེ་མུ་སྟེ་ཀྲཿ་ཀི་གནས་ཕྲང་བ་དང་ཀྱི་སྐྱེ་བར་ཤེས་པའོ།། དེ་ལ་གྱི་འཇིགས་པ་ཐོབ་པ་གང་ཞེ་ན། འདིས་སྟེ་སངས་རྒྱས་ཀྱི་ཆོས་རྣམས
217b2 རྟོགས་ཤིང་སྟོབས་བསྐྱེད་པའོ།། དེས་ལ་ཚུལ་ཁྲིམས་ཀྱི་གནས་གང་ཞེ་ན་འདི་ལྟ་སྟེ། ལུས་ཀྱི་སྡོམ་པ་དང་སོ་སོར་ཐ་དད་པའི་སྡོམ་པའོ།། དེ་ལ་སྙོམས་པར་འཇུག་པ་ལ་འཇུག་པ་གང་ཞེ་ན། འདི་ལྟ་སྟེ་ཁམས་གསུམ་ལ་འདོད
217b3 ཆགས་དང་བྲལ་བའོ།། དེ་ལ་ཤེས་རབ་ཐོབ་པ་གང་ཞེ་ན་འདི་ལྟ་སྟེ། ནུས་པ་ཤེས་པ་དང་མྱི་དམྱིགས་པའོ།། དེ་ལ་གཅིག་པུར་དགའ་བ་གང་ཞེ་ན། འདི་ལྟ་སྟེ་འདུ་འཛིའི་ཉེས་པ་རྣམ་པར་སྤོང་བ་དང་། ཆོས་དཀར་པོ་མྱི་གཏོད
217b4 པའོ།། དེ་ལ་འདུ་ཤེས་ཀྱི་ཁེ་ཆུང་ངུས་ཆོག་ཤེས་པ་གང་ཞེ་ན། འདི་སྟ་སྟེ་ངན་ངོན་ཀྱིས་མགུ་བའོ།། དེ་ལ་སེམས་ལ་རྙོག་པ་མྱེད་པ་གང་ཞེ་ན། འདི་ལྟ་སྟེ་སྒྲིབ་པ་རྣམ་པར་གནོནད་པའོ།། དེ་ལ་བལྟ་བར་བྱ་བ
217b5 རྣམ་པར་སྤོང་བ་གང་ཞེ་ན་འདི་ལྟ་སྟེ། དམྱིགས་པའི་ལྟ་བ་རྣམ་པར་སྤོང་བའོ།། དེ་ལ་གཟུངས་ཐོབ་པ་གང་ཞེ་ན་འདི་ལྟ་སྟེ་ཆོས་ཇི་ལྟར་མཐོང་བའི་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆགས་པ
217b6 མྱེད་པ་རབ་ཏུ་སྟོན་པའོ།། དེ་ལ་ཡེ་ཤེས་སྣང་བ་གང་ཞེ་ན་འདི་ལྟ། སྟེ་རང་བཞིན་ལ་འཇུག་པའོ།། དེ་ལ་གནས་གང་ཞེ་ན་འདི་ལྟ་སྟེ་ཚུལ་ཁྲིམས་ཀྱི་གནས་སོ།། དེ་ལ་གཞི་གང་ཞེ་ན། འདི་ལྟ་སྐྱེ
217b7 སེམས་ཀྱི་གཞིའོ།། དེ་ལ་རྟེན་གང་ཞེ་ན། འདི་ལྟ་སྟེ་དད་པ་ལ་རྟེན་པའོ།། དེ་ལ་ནན་ཏན་གང་ཞེ་ན་འདི་ས་སྟེ། ལམ་གི་ནན་ཏན་ནོ།། དེ་ལ་རྒྱུ་གང་ཞེ་ན་མ་རིག་པ་འཁོར་བའི་རྒྱུའོ།། དེ་ལ་མ་རིག་པ་གང་ཞེ་ན། འ
217b8 ས་སེ་རིས་པ་ནི་ག་ད་པའི་རིགས་པའོ།། དེ་ལ་ཚུལ་གང་ཞེན་འདིས་ཐེ་མེད་པ་རབ་ཏུ་སྤངས་པམ།། དེས་གང་ཞེ་ན་འདི་ས་ནི་ཉེས་པ་སངས་པའོ།། དེ་ལ་ལམ་གར་ཞེན་འདྲི་གཱ་ཀྵེ་མྱེ་རྟག་པ་དང་སྡུག་འམལ་།
217b9 དང་། སྟོང་པ་དང་བདག་མྱེད་པར་ཤེས་པའོ།། དེ་ལས་གང་ཞེ་ན་འདི་ལྟ་སྟེ་སྨོན་པ་མྱེད་པའི་ས་བཅུའོ།། དེ་ལ་སྐྱེ་བ་དང་བྲལ་བ་གང་ཞེ་ན། འདི་ས་སྟེ་སྐྱེ་བ་བཅད་པའོ།། དེ་ལ་ཡེ་ཤེས་ཀྱི་ས་གང་ཞེ་ན་འདི་ས




iiif viewer powered by OpenSeadragon

217a - 218a

Texts on this page

Ng4.2 - 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po zhes bya ba theg pa chen po'i mdo