| e-texts navigator |
| Wylie |
217a1 ཀང་ཞེ་ན་འདི་ལྟ་སྟེ། ཚུལ་ཁྲིམས་ཡོངས་སུ་དག་པའོ།། དེ་ལ་འཆལ་པའི་ཚུལ་ཁྲིམས་ལ་སྤང་བ་གང་ཞེ་ན། འདི་ལྟ་སྟེ་འཆལ་པའི་ཚུལ་ཁྲིམས་ཀྱི་ཉེས་པ་ཁོང་དུ་ཆུད་པའོ།། དེ་ལ་ཚུལ་ཁྲིམས་ཡུན་སུམ་ཚོགས།
217a2 པ་དག་ལ་གཡོ་མྱེད་པར་བསྟེནད་པ་གང་ཞེ་ན། འདི་ལྟ་སྟེ་ཚུལ་ཁྲིམས་དང་ལྡན་པ་རྙེད་པར་དཀའ་བའི་འདུ་ཤེས་སུ་ཤེས་པའོ།། དེ་ལ་ཡོད་པ་ཐམས་ཅད་གཏོང་བ་གང་ཞེ་ན་འདི་ལྟ་སྟེ་བསམ་པ་དགེ་བའོ།། དེ་ལ་ལྷག་པའི་བསམ་པས།
217a3 མགྲོན་དུ་གཉེར་བ་གང་ཞེ་ན་འདི་ལྟ་སྟེ་ཕ་རོལ་ལ་བདེ་བར་འདོད་པའོ།། དེ་ལ་སྨྲས་པ་བཞིན་བྱེད་པ་གང་ཞེ་ན་འདི་ལྟ་སྟེ། བསམ་པ་དགེ་བ་ཕུན་སུམ་ཚོགས་པའོ།། དེ་ལ་རྒྱུན་མྱི་འཆད་པར་བསྙེན་བཀུར་བྱེད་པ་གང་ཞེ་ན། འདི
217a4 ལྟ་སྟེ་དགེ་བ་གང་ཡིན་པ་ཞེས་ཚོལ་ཞིང་འདྲི་བའོ།། དེ་ལ་དགའ་བ་མྱོང་པ་གང་ཞེ་ན། འདི་ལྟ་སྟེ་ཁོང་དུ་ཆུད་པའི་ཤེས་པ་དང་ལུང་གི་ཤེས་པའོ།། དཔེའ་ཤེས་པ་གང་ཞེ་ན་འདི་ལྟ་སྟེ་འདྲ་བ་ཤེས་པ་དང་གདམས་པ
217a5 ཤེས་པའོ།། དེ་ལ་སྔོན་འབྱུང་བ་ལ་མཁས་པ་གང་ཞེ་ན་འདི་ལྟ་སྟེ། སྐྱེ་བ་དྲན་པ་དང་ཟོས་པ་མང་བའོ།། དེ་ལ་དགེ་བའི་ཚ་བ་སྔོན་དུ། འགྲོ་བ་ཞེས་པ་གང་ཞེ་ན། འདི་ལྟ་སྟེ་བྱང་ཆུབ་ལ་ཤིན་ཏུ་འདུན་པ
217a6 དང་། གཞན་དག་ཀྱང་སྤྲོ་བར་བྱེད་པའོ།། དེ་ལ་ཟབས་མཁས་པ་གང་ཞེ་ན་འདི་ལྟ་སྟེ། སོ་སོར་ཆགས་པ་དང་རྗེས་སུ་ཡི་རང་བ་དང་གསོལ་བ་འདེབས་པ་དང་། དགེ་བའི་ཆ་པ་ཡོངས་སུ་སྔོ་བ་ལ་མཁས་པའོ།། དེ་ལ་མཚན་མ་སྤོང
217a7 བ་གང་ཞེ་ན། འདི་ལྟ་སྟེ་ཆོས་རྣམས་རྨྱི་ལམ་ལྟ་བུར་རྟོགས་ནས་དངོས་པོ་རྣམ་པར་འཇིག་པའོ།། དེ་ལ་འདུ་ཤེས་ཟློག་པ་གང་ཞེ་ན་འདི་ལྟ་སྟེ་ཕྱིན་ཅི་ལོག་འདོར་བའོ།། དེ་ལ་དངོས་པོའི་མཚན་ཉིད་གང་ཞེ་ན་འདི་ལྟ་སྟེ་མཚན་ཉིད
217a8 མྱེད་པར་ཤེས་པའོ།། དེ་ལ་མདོ་སྡེ་མངོན་པར་བསྒྲུབ་པ་ལ་མཁས་པ་གང་ཞེ་ན། འདི་ལྟ་སྟེ་དགེ་བ་དང་མྱི་དགེ་བའི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམས་དཔའ་དང་རྟོགས་པ་བརྗོད་པས་ཡང་དག་པར་རབ་ཏུ་སྟོན་པའོ།། །
217a9 དེ་ལ་བདེན་པ་རྣམ་པར་བཏན་ལ་དབབ་པ་གང་ཞེ་ན། འདི་ལྟ་སྟེ་རྣམ་པར་ཞེས་པ་འགོག་པ་དང་། མྱིང་དང་གཟུགས་ཀྱི་སྐྱེ་བའོ།། དེ་ལ་རྣམ་པར་གྲོལ་བ་མངོན་གསུམ་དུ་བྱེད་པ་གང་ཞེ་ན། འདི་ལྟ་སྟེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འ