e-texts navigator
Collection
Volume
Page
Wylie

216b1 ཚོགས་པ་གང་ཞེ་ན། འདི་ལྟ་སྟེ་ཕ་རོལ་རྗེས་སུ་བསྲུང་བའོ།། དེ་ལ་ཆོ་ག་མ་ཡིན་པ་རྣམ་པར་སྤོང་བ་གང་ཞེ་ན། འདི་ལྟ་སྟེ་བདག་གི་དགེ་བའི་ཆོས་རྗེས་སུ་བསྲུང་བའོ།། དེ་ལ་རིགས་སུན་པ་ཀྱི་བྱེད་པ་གང་ཞེ་ན་འདི་ལྟ་སྟེ་ཤེས་ཀྱི།
216b2 ཁེ་རྣམ་པར་སྤོང་བའོ།། དེ་ལ་བསྟན་པ་བསྲུང་བ་གང་ཞེ་ན། འདི་ལྟ་སྟེ་ཆོས་ཡོངས་སུ་ཚོལ་བ་སྒྲུབ་པ་དང་། ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་ཀྱི་ནན་ཏན་ནོ།། དེ་ལ་སྨྲ་བ་ཉུང་བ་གང་ཞེ་ན། འདི་ལྟ་སྟེ་ཞི་ག་ནས་ཐོབ་པའོ།། དེ་ལ་ཨ།
216b3 པ་གང་ཞེ་ན་འདི་ལྟ་སྟེ་ལྷག་མཐོང་ཐོབ་པོ།། དེ་ལ་ཚིག་གི་ལན་ལ་མཁས་པ་གང་ཞེ་ན་འདི་ལྟ་སྟེ་ལན་དང་ཡང་ལན་ཤེས་པའོ།། དེ་ལ་ཕས་ཀྱི་རྒོལ་བ་ཚར་གཅོད་པ་གང་ཞེ་ན་འདི་ལྟ་སྟེ། ཆོས་རྣམས་ཡང་དག་པ་ཇི་ལྟ་བ་བཞི
216b4 དུ་སྟོན་པ་དང་། རྣམ་པར་གཞག་པ་བྱེད་པ་དང་། ཀླན་ཀ་ཚོལ་བ་ཚར་ཀ། ཅོད་པའོ།། དེ་ལ་དུས་སུ་འགྲོ་བ་གང་ཞེ་ན། འདི་ལྟ་སྟེ་དུས་ཤེས་པའོ།། དེ་ལ་སོ་སོའི་སྐྱེ་བོ་ལ་ཡིད་མྱི་རྟོན་པ་གང་ཞེ་ན། འདི་ལྟ་སྟེ་བྱིས
216b5 པའི་ཆོས་ལ་སྐྱོན་ཏུ་ལྟ་བའོ།། དེ་ལ་སྡུག་བསྔལ་བ་རྣམས་ལ་བརྙས་པ་མྱེད་པ་གང་ཞེ་ན་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པའོ།། དེ་ལ་སྡུག་བསྔལ་བ་རྣམས་ལ་ནོར་རབ་ཏུ
216b6 སྦྱིན་པ་གང་ཞེ་ན། འདི་ལྟ་སྟེ་འཇིག་རྟེན་གི་ཟང་ཟིང་ཀི་སྦྱིན་པའོ།། དེ་ལ་དབུལ་པོ་རྣམས་ལ་མྱི་སྨད་པ་གང་ཞེ་ན་འདི་ལྟ་སྟེ་ཕ་རོལ་ལ་སྙིང་བཆེ་བའི་བློའོ།། དེ་ལ་ཚུལ་ཁྲིམས་འཆལ་པ་རྣམས་ལ་སྙིང
216b7 པ་ཆེ་པ་གང་ཞེ་ན་འདི་ལྟ་སྟེ་ཕ་རོལ་ལྟུང་བ་ལས་འབྱུང་ཞིང་ཚུལ་ཁྲིམས་ལ་རབ་ཏུ་དཀོད་པའོ།། དེ་ལ་ཕན་པའི་དངོས་པོ་གང་ཞེ་ན། འདི་ལྟ་སྟེ་གཞན་ལ་ཕན་པའི་བྱེད་པའོ།། དེ་ལ་སྙིང་རྗེའི་བློ་གང་ཞེ་ན་འདི་ལྟ་སྟེ་སེམས
216b8 ཅན་གི་མ་འོངས་པའི་སྡུག་བསྔལ་ལ་བལྟའོ།། དེ་ལ་ཆོས་ཀྱིས་ཕན་གདགས་པ་གང་ཞེ་ན་འདི་ལྟ་སྟེ་གཞན་དག་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་ལ་བབུད་པའོ།། དེ་ལ་བང་ཟིང་ཡོངས་སུ་གཏོང་བ་གང་ཞེ་ན་འདི་ལྟ་སྟེ
216b9 ཕུང་པོ་ཡོངས་སུ་གཏོང་བ་དང་གཞན་ལ་ཟང་ཟིང་གིས་ཕན་འདོགས་པའོ།། དེ་ལ་མཚོགས་པའི་གནས་མྱེད་པ་གང་ཞེ་ན་འདི་ལྟ་སྟེ། འང་བི་ལ་སྤོང་བ་དང་བསྲུང་བའི་ཉེས་པ་མཐོང་བའོ།། དེ་ལ་ཚུལ་ཁྲིམས་བསྔགས་པ




iiif viewer powered by OpenSeadragon

216a - 217a

Texts on this page

Ng4.2 - 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po zhes bya ba theg pa chen po'i mdo