e-texts navigator
Collection
Volume
Page
Wylie

216a1 དེ་ལ་མངོན་པར་ཤེས་པས་རྣམ་པར་འཕྲུལ་པ་གང་ཞེ་ན། འདི་ལྟ་སྟེ་མངོན་པར་ཤེས་པ་ལྔ་ལ་གནས་ནས། སངས་རྒྱས་ཀྱི་ཆོས་ཤེས་པར་དཀའ་བ་རྣམས་གཞན་ལ་ཡང་དག་པར་རབ་ཏུ་སྟོན་པའོ།། དེ་ལ་མྱིང་གི་བརྡའ
216a2 གང་ཞེ་ན། འདི་ལྟ་སྟེ་ཡོངས་སུ་མ་གྲུབ་པ་རྣམས་མྱིང་གིས་ཁོང་དུ་ཆུད་པའོ།། དེ་ལ་བཏགས་པའི་ཐ་སྙད་གང་ཞེ་ན། འདི་ལྟ་སྟེ་འཇིག་རྟེན་གི་ཐ་སྙེད་དོ།། དེ་ལ་བཏགས་པ་འཇོམ་པ་གང་ཞེ་ན་འདི་ལྟ་སྟེ་བརྗོད་པར་ཤེས
216a3 པའོ།། དེ་ལ་འཁོར་བ་ལས་ལྡོག་པ་གང་ཞེ་ན། འདི་ལྟ་སྟེ་འཁོར་བའི་ཉེས་པ་ལ་སོ་སོར་རྟོག་པའོ།། དེ་ལ་རྙེད་པ་མྱི་འདོད་པ་གང་ཞེ་ན། འདི་ལྟ་སྟེ་ཡང་དག་པར་འདོད་པ་ཉུང་བའོ།། དེ་ལ་རྙེད་པ་དང་བཀུར་སྟི་མྱི་ལེན
216a4 གང་ཞེ་ན་འདི་ལྟ་སྟེ་གདུང་བ་མྱེད་པ་དང་། སྡིག་པ་འདོད་པ་དང་བྲལ་བའོ།། དེ་ལ་བསྔགས་པ་མ་ཡིན་པས་ཞུམ་པར་མྱི་འགྱུར་བ་གང་ཞེ་ན། འདི་ལ་སྟེ་ཕུང་པོ་དང་ཁམས་ལ་ཡོངས་སུ་རྟོག་པ་ཤེས་པའོ།། ཡང་དག་པར
216a5 བསྔགས་པ་མྱི་ལེན་པ་གང་ཞེ་ན། འདི་ལྟ་སྟེ་དགེ་བ་མྱི་སྙོམས་པདང་། རྙེད་པ་དང་བཀུར་སྟི་ས་བར་ཆད་ཏུ་རིག་པའོ།། དེ་ལ་བཀུར། སྟི་ལ་བཏང་སྙོམས་སུ་བྱེད་པ་གང་ཞེ་ན། འདི་ལྟ་སྟེ་ལས་ཀྱི་རྣམ་པ
216a6 སྦྱིན་པ་རྟོགས་པའོ།། དེ་ལ་སྟི་སྟང་མྱེད་པ་ལ་ཞུམ་པར་མྱི་འགྱུར་པ་གང་ཞེ་ན། འདི་ལྟ་སྟེ་རྣམ་འབྱོར་ད་མྱི་གཏོང་བའོ།། དེ་ལ་སྨོད་པ་ས་མྱི་འཁྲུག་པ་གང་ཞེ་ན། འདི་ལྟ་སྟེ་འཇིག་རྟེན་གི་ཆོས་ལ་སོ་སོར
216a7 རྟོག་པའོ།། དེ་བསྟོད་པ་ལ་བཏང་སྙོམས་སུ་བྱེད་པ་གང་ཞེ་ན། འདི་ལྟ་སྟེ་དགེ་བའི་ཆོས་ཚོལ་ཞིང་འབྱུང་བའོ།། དེ་ལ་རྙེད་པ་མྱེད་ཀྱང་སེམས་འགོད་པ་མྱེད་པ་གང་ཞེ་ན། འདི་ལྟ་སྟེ། བདག་གིས་བྱས་པའི་ཆོས་རྣམས་ལེ་སོ་སོར
216a8 རྟོགས་པའོ།། དེ་ལ་ཁྱིམ་པ་དང་མྱི་སྟེན་པ་གང་ཞེ་ན་འདི་ལྟ་སྟེ་ཟང་ཟིང་ཅིའང་རྣམ་པར་སྤོང་བའོ།། དེ་ལ་རབ་ཏུ་འབྱུང་བ་དང་མྱི་སྟེན་པ་གང་ཞེ་ན་འདི་ལྟ་སྟེ། མྱི་རིགས་པ་ཡོངས་སུ་སྤོང་བ་དང་རིགས་པ་ཡོངས་སུ་ཚོལ་བའོ།།
216a9 དེ་ལ་མྱོད་ཡུལ་མ་ཡིན་པ་རྣམ་པར་སྤོང་བ་གང་ཞེ་ན། འདི་ལྟ་སྟེ་སྒྲིབ་པ་ལྔ་རྣམ་པར་སྤོང་བའོ།། དེ་ལ་ཁྱོད་ཡུལ་ལ་རབ་ཏུ་མྱོད་པ་གང་ཞེ་ན་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པའོ།། དེ་ལ་ཆོ་ག་ཕུན་སུམ




iiif viewer powered by OpenSeadragon

215b - 216b

Texts on this page

Ng4.2 - 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po zhes bya ba theg pa chen po'i mdo