e-texts navigator
Collection
Volume
Page
Wylie

215b1 དམྱིགས་ཤིང་ཆོམ་པ་མྱེད་པའོ།། དེ་ལ་སེམས་རབ་ཏུ་བཟུང་བ་གང་ཞེ་ན་འདི་ལྟ་སྟེ། དཀར་པོའི་ཆོས་ཆུད་ཀྱི་ཟ་བར་ཤེས་པའོ།། དེ་ལ་སེམས་གྲོ་བར་བྱ་བ་གང་ཞེ་ན། འདི་ལྟ་སྟེ་བརྩོན་འགྲུས་ཆུད་མྱི་ཟ་བར་ཤེས་པའོ།།
215b2 དེ་ལ་དོན་སོ་སོ་ཡང་དག་པར་རིག་པའི་ཞེས་པ་གང་ཞེ་ན། འདི་ལྟ་སྟེ་བདེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཡེ་ཤེས་སོ།། དེ་ལ་ཡེ་ཤེས་ཁོང་དུ་ཆུད་པ་གང་ཞེ་ན། འདི་ལྟ་སྟེ་འཇིག་རྟེན་དང་འཇིག་རྟེན་ལས
215b3 འདས་པའི་ཆོས་རྣམས་ཁོང་དུ་ཆུད་པའོ།། དེ་ལ་མྱི་ཞེས་པ་དང་བྲལ་བ་གང་ཞེ་ན། འདི་ལྟ་སྟེ་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་ལ་བློ་འདོགས་པ་དང་བྲལ་བའོ།། དེ་ལ་སེམས་ཀྱི་འཇུག་པ་ཤེས་པ་གང་ཞེ་ན། འདི་ལྟ
215b4 སྟེ་སྐྱེ་བ་དང་འཇི་བྱེད་ཤེས་པའོ།། དེ་ལ་བསྒྲུབ་པ་ལ་མཁས་པ་གང་ཞེ་ན། འདི་ལྟ་སྟེ་ཤེས་རབ་རྣོ་བའོ།། དེ་ལ་སྒྲ་བརྗོད་པ་སྡེ་གང་ཞེ་ན། འདི་ལྟ་སྟེ་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་བསྟན་པའོ།། དེ་ལ
215b5 རྣམ་པར་གཞག་པ་ཤེས་པ་གང་ཞེ་ན་འདི་ལྟ་སྟེ་ཡང་དག་པར་ཇི་བལྟ། བ་བཞིན་དུ་འཇུག་པ་ཤེས་པའོ།། དེ་ལ་དོན་རྣམ་པར་གཏན་ལ་ཕབ། པ་གང་ཞེ་ན། འདི་ལྟ་སྟེ་འདུ་བྱེད་ཀྱི་ཕུང་པོ་ཆུད་པའོ།། དེ་ལ་གརྐོ།
215b6 པ་རྣམ་པར་སྤོང་བ་གང་ཞེ་ན། འདི་ལྟ་སྟེ་སྲིད་པ་ལས་ཡང་དག་པར་འདའ་བ་དང་། གཞན་པ་དག་ཀྱང་སྲིད་པ་ལས་ཡང་དག་པར་འདའ་བ་ལ་འཛུད་པའོ།། དེ་ལ་སྐྱེས་བུ་དམ་པ་ལ་སྟེ་ནད་པ་གང་ཞེ་ན། འདི་ལྟ།
215b7 སྟེ་སངས་རྒྱས་དང་མྱི་འབྲལ་བའོ།། དེ་ལ་སྐྱེས་བུ་དམ་པ་དང་འགྲོགས་པ་གང་ཞེ་ན། འདི་ལྟ་སྟེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རང་སངས་རྒྱས་དང་ཉན་ཐོས་ལ་སྟེན་པའོ།། དེ་ལ་སྐྱེས་བུ་དམ་པ་མ་ཡིན་པ་རྣམ་པར
215b8 སྤོང་བ་གང་ཞེ་ན། འདི་ལྟ་སྟེ་དམྱིགས་པ་ཅན་དང་ལེ་ལོང་ཅན་རྣམས་རྣམ་པར་སྤོང་བའོ།། དེ་ལ་བསམ་གཏན་མྱི་འདོར་བ་གང་ཞེ་ན། འདི་ལྟ་སྟེ་འདོད་པའི་ཚེར་མ་རྣམ་པར་སྤོང་བ་དང་། བསམ་གཏན་མྱི་འདོར་ཞིང་དགའ་བ་མྱི་འདོ།།
215b9 པའོ།། དེ་ལ་བསམ་གཏན་ལ་མ་ཆགས་པ་གང་ཞེ་ན། འདི་ལྟ་སྟེ་ཁམས་གསུམ་ལས་ཡང་དག་པར་འདའ་བར་མོས་པ་དང་། སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བ་ལ་མོས་པ་དང་། གོང་དུ་ཤེས་རབ་ཀྱི་སྡང་བ་ལ་མོས་པའོ།།




iiif viewer powered by OpenSeadragon

215a - 216a

Texts on this page

Ng4.2 - 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po zhes bya ba theg pa chen po'i mdo