| e-texts navigator |
| Wylie |
215a1 དངོས་པོའི་ལུགས་ཀྱི་ཆོས་ཉིད་དོ།། དེ་ལ་འཁོར་གསུམ་ཡོངས་སུ་དག་པའི་ཤེས་པ་གང་ཞེ་ན། འདི་ལྟ་སྟེ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་མྱི་དམྱིགས་ཤིང་ཡིད་ལ་མྱི་བྱེད་པའོ།། །
215a2 དེ་ལ་སེམས་གནས་པ་གང་ཞེ་ན་འདི་ལྟ་སྟེ་སེམས་མྱི་དམྱིགས་པའོ།། དེ་ལ་ལུས་རྣམ་པར་གཞག་པ་གང་ཞེ་ན། འདི་ལྟ་སྟེ་ལུས་ལ་ཞུགས་པའི་རྗེས་སུ་དྲན་པའོ།། དེ་ལ་སྤྱོད་ལམ་བསྲུང་བ་གང་ཞེ་ན། འདི་ལྟ་སྟེ་གང་འདི
215a3 བསླང་པ་མྱེད་པའོ།། དེ་ལ་སྤྱོད་ལམ་མྱི་འཁྲུགས་པ་གང་ཞེ་ན། འདི་ལྟ་སྟེ་དགེ་བ་མྱི་སྙོམས་པའོ།། དེ་ལ་སྤྱོད་ལམ་རྣམ་པར་མྱི་རྟོག་པ་གང་ཞེ་ན། འདི་ལྟ་སྟེ་སྡིག་པའི་འདོད་པ་དང་བྲལ་བའོ།། དེ་ལ་དབང་པོ
215a4 རང་བ་ཀང་ཞེ་ན། འདི་ལྟ་སྟེ་ཆོས་ལ་ཞུགས་པའི་ཡིད་ལ་བྱ་བ་དང་། རིགས་པར་སྨྲ་བ་དང་། དུས་ཤེས་པ་དང་། ཡང་དག་པ་ཇི་ལྟ་བའི་ཚེ་ས་རྣམས་ཡང་དག་པར་རབ་ཏུ་སྟོན་དུ་པའོ།། དེ་ལ་འཇིག་རྟེན་ཏེ།
215a5 པ་གང་ཞེ་ན། འདི་ལྟ་སྟེ། ཕར་འགྲོ་བ་དང་། ཕྱིར་འོང་བ་རབ་ཏུ། ཤེས་པའོ།། དེ་ལ་ལྐུག་པར་གཏོང་བ་གང་ཞེ་ན་འདི་ལྟ་སྟེ། དངོས་པོ་རྣམས་མྱི་སྦེད་པ་དང་། སེར་སྣ་མྱེད་པའོ།། དེ་ལ་ལག
215a6 བརྐྱང་པ་གང་ཞེ་ན། འདི་ལྟ་སྟེ་འགེད་པའི་ངང་ཚུལ་ཅན་ནོ།། དེ་ལ་སེམས་འཛིན་པ་མྱེད་པ་གང་ཞེ་ན། འདི་ལྟ་སྟེ་དད་པ་རྙོག་པ་མྱེད་པ་འོ།། དེ་ལ་ཁྲེལ་ཡོད་པ་གང་ཞེ་ན། འདི་ལྟ་སྟེ་མུ་ཆོར་མྱི་སྨྲ་བོ།
215a7 དེ་ལ་ངོ་ཚ་ཤེས་པ་གང་ཞེ་ན། འདི་ལྟ་སྟེ་མངོན་དུ་གྱུར་པའོ།། དེ་ལ་མྱི་དགེ་བའི་སེམས་སྨད་པ་གང་ཞེ་ན། འདི་ལྟ་སྟེ་བྱིས་པའི་ཆོས་རྟོགས་པ་དེ་དག་དང་མྱི་འགྲོགས་པའོ།། དེ་ལ་སྦྱངས་པ་མྱི་གཏོང་བ་གང་ཞེ་ན།
215a8 འདི་ལྟ་སྟེ་ཡི་དམ་ལ་བརྟན་པའོ།། དེ་ལ་སྤྱོད་པ་ཡང་དག་པར་འཛིནད་པ་གང་ཞེ་ན། འདི་ལྟ་སྟེ་སྤྱོད་པ་ལ་བརྟུལ་བ་བསྐྱེད་པའོ།། དེ་ལ་དགའ་བ་ཡང་དག་པར་སྤྱོད་པ་གང་ཞེ་ན། འདི་ལྟ་སྟེ་དགེ་བའི་ལས་ཀྱི
215a9 པན་ཡོན་ལ་སེམས་པའོ།། དེ་ལ་ཐ་མ་དག་གྲི་བསྟན་བཏིང་ཞིང་ལྡང་བ་གང་ཞེ་ན། འདི་ལ་སྟེ་ར་བརྒྱལ་བཅོམ་ཞིང་སྒོམ་ལས་བྱེད་པའོ།། དེ་ཡ་ང་རྒྱལ་ཆར་གཅོད་པ་གང་ཞེ་ན། འདི་ས་སྟེ་བདག་ཉིད་རྗེས་སུ་ཀྱི