e-texts navigator
Collection
Volume
Page
Wylie

214b1 ཡོངས་སུ་སྲུང་བ་དང་། མདོ་སྡེ་འདི་ལྟ་བུ་ཡོངས་སུ་འཛིན་པའོ།། དེ་ལ་ཆོས་སྲུང་བ་གང་ཞེ་ན། འདི་ལྟ་སྟེ་སངས་རྒྱས་ཀྱི་ཆོས་ལ་སྤོད་པ་རྣམས་ཆོས་དང་འཐུན་པས་ཚར་གཅོད་པའོ།། དེ་ལ་ལས་ཀྱི་རྣམ་པར་སྦྱིན་པ།
214b2 ལ་ཡིད་ཆེས་པ་གང་ཞེ་ན། འདི་ལྟ་སྟེ་ཁྲེལ་ཡོད་པས་སྡིག་པའི་ལས་རྣམས་སྤོང་བ་དང་། དགེ་བའི་ཆོས་རྣམས་ཡོངས་སུ་བཅལ་པ་ལ་མངོན་པར་བརྩོན་པའོ།། དེ་ལ་འདུལ་བའི་ལ་མཁས་པ་གང་ཞེ་ན། འདི་ལྟ་སྟེ།
214b3 རང་བཞིན་གྱིས་ལྟུང་བ་དང་ལྟུང་བ་མ་ཡིན་པར་ཤེས་པ་དང་། བཅས་པའི་ལྟུང་བ་དང་ལྟུང་བ་མ་ཡིན་པ་ཤེས་པའོ།། དེ་ལ་ཆོད་པའི་རྣམ་པར་ཞི་བ་གང་ཞེ་ན། འདི་ལྟ་སྟེ་འདུས་པ་རྣམ་པར་སྤངས་པའོ།། དེ་ལ།
214b4 འཐབ་པ་མྱེད་པ་དང་ཆོད་པ་མྱེད་པ་གང་ཞེ་ན། འདི་ལྟ་སྟེ་འཇིག་རྟེན་པའི་གཏམ་མྱི་འདོད་དོ།། དེ་ལ་བཟོད་པའི་ས་གང་ཞེ་ན། འདི་ལྟ་སྟེ་ལུས་དང་སེམས་ལ་གནོད་པ་བཟོད་པའོ།། དེ་ལ་བཟོད་པ
214b5 ཡང་དག་པར་འཛིན་པ་གང་ཞེ་ན། འདི་ལྟ་སྟེ། ཕ་རོལྡ་ཀྱིས་ངན། ཏུ་སྨྲས་པ་དང་། ངན་དུ་བརྗོད་པའི་ཚིག་གི་ལམ་རྣམས་བཏང་སྙོམས་སུ་འཇོག་ཅིང་བཟོད་པ་མྱི་འདྲལ་བའོ།། དེ་ལ་ཆོས
214b6 རབ་ཏུ་འབྱེད་པ་གང་ཞེ་ན། འདི་ལྟ་སྟེ་ཕུང་པོ་དང་སྐྱེ་མཆེད་རྣམས་རབ་ཏུ་དབྱེ་བ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཕྱོགས་རབ་ཏུ་ཕྱེ་བ་དང་། དེ་དག་མྱི་དམྱིགས་པའོ།། དེ་ལ་ནི།
214b7 པར་གཏན་ལ་དབབ་པ་ལ་མཁས་པ་གར་ཞེ་ན་འདི་འི་སྟེ་ས་ན་འདོ་བྱེད་ནོ། དེ་ལ་རབ་ཏུ་བྱེ་བགྲེ་པ་གང་ནེན། འདི་ས་སྐྱེ་ཆོམ་མེས་ཅད་ནི་ལ་གཞག་པ་ལ་དྲེམངོན་ནོ།། དེ་ལ་ཆོས་ཀྱི་ཚིག་བསྒྲུབ་པ་ལ་མཁས་པའི་ཤེས་གང་ཞེ་ན། འདི་ལྟ་སྟེ་ཆོས་རྣམས་ཡང་དག
214b8 པ་ཇི་ལྟ་བ་བཞིན་དུ་སྟོན་པོ།། དེ་ལ་དོན་དང་དོན་མ་ཡིན་པ་འདྲེས་པ་བསྒྲུབ་པ་ལ་མཁས་པའི་ཤེས་པ་གང་ཞེ་ན། འདི་ལྟ་སྟེ་ཆོས་རྣམས་རང་བཞིན་གིས་བླང་བ་མྱེད་པ་དང་། གཞག་པ་མྱེད་པའོ།། དེ་ལ་སྔོན་གི་མཐ
214b9 ཤེས་པ་གང་ཞེ་ན། འདི་ལྟ་སྟེ་རྒྱུ་ཞེས་པའོ།། དེ་ལ་ཕྱི་མའི་མཐའ་ཤེས་པ་གང་ཞེ་ན། འདི་ལྟ་སྟེ་རྐྱེན་ཤེས་པའོ།། དེ་ལ་དུས་གསུམ་མཉམ་པ་ཉིད་གང་ཞེ་ན། འདི་ལྟ་སྟེ་ཆོས་ཐམས་ཅད་ལ་ཐ་དང་དུ་བྱ་བ་མྱེད་པ




iiif viewer powered by OpenSeadragon

214a - 215a

Texts on this page

Ng4.2 - 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po zhes bya ba theg pa chen po'i mdo