e-texts navigator
Collection
Volume
Page
Wylie

313b1 བའི་རྒྱལ་མཚན་ནོར་བུའི་རྒྱལ་པོ་ནོར་བུ་རིན་པོ་ཆེའི་དྲ་བ་བྲེས་པའི་གཙུག་བུད་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོའི་དབྱངས་ཀྱི་གཙུག་པུད་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཀྱི
313b2 དཀྱིལ་འཁོར་རབ་ཏུ་གཏོང་བ་ནོར་བུ་རིན་པོ་ཆེ་མངོན་པར་བསྒྲགས་པའི་གཙུག་པུད་དང་། ནམ་མཁའི་དབྱིངས་ཐམས་ཅད་དབྱེར་མྱེད་པ་རྣམ་པར་ཤེས་པ་ནོར་བུ་རིན་པོ་ཆེས་བརྒྱན་པའི་གཙུག་པུད་དང་། འོད་ཆེན
313b3 དང་། དྲི་མ་མྱེད་པའི་འོད་དང་། རིན་པོ་ཆེའི་འོད་དང་། རྡུལ་དང་བྲལ་བའི་འོད་དང་། སྣང་བའི་འོད་དང་། ཆོས་ཀྱི་འོད་དང་། ཞི་བའི་འོད་དང་། ཉི་མའི་འོད་དང་། རྣམ་པར་འཕྲུལ་བའི་འོད་དང་། ལྷའི་འོད་དང
313b4 བསོད་ནམས་འོད་དང་། བསོད་ནམས་ཀྱི་ཏོག་དང་། ཡེ་ཤེས་ཀྱི་ཏོ།། དུང་ཆོས་ཀྱི་ཏོག་དང་མངོན་པར་ཤེས་པའི་ཏོག་དང་། འོད་ཀྱི་ཏོག་དང་། མེ་ཏོག་གི་ཏོག་དང་། ནོར་བུའི་ཏོག་དང་། སངས་རྒྱས་ཀྱི་ཏོག
313b5 དང་། ཚངས་པའི་ཏོག་དང་། ཀུན་ནས་སྣང་བའི་ཏོག་དང་། ཚངས་པའི་དབྱངས་དང་། སའི་སྒྲ་དབྱངས་དང་། རྒྱ་མཚོའི་དཔྱ་ངས་དང་། འཇིག་རྟེན་དབང་པོའི་དབྱངས་དང་། རི་དབང་པོའི
313b6 རྒྱལ་པོའི་རྡོབ་པའི་དབྱངས་དང་། ཆོས་ཀྱི་དབྱངས་དང་། ཐམས་ཅད་རྒྱས་པར་འགྱེངས་པའི་དབྱངས་དང་། ཆོས་རྒྱ་མཚོ་ཐམས་ཅད་བསྒྲགས་པའི་དབྱངས་དང་། རྒྱ་མཚོའི་འཁོར་ཐམས་ཅད་རབ་ཏུ
313b7 ཀློགས་པའི་དབྱངས་དང་། སྙིང་རྗེ་ཆེན་པོའི་ཚུལ་ཀྱི་འབྲུག་བསྒྲགས་པའི་དབྱངས་དང་། འགྲོ་བ་སྡུག་བསྔལ་ཐམས་ཅད་དབུགས་འབྱིདད་པའི་དབྱངས་དང་། ཆོས་འཕགས་དང་། ཁྱད་པར་འཕགས་དང་། ཡེ་ཤེས
313b8 འཕགས་དང་། བསོད་ནམས་རི་རབ་འཕགས་དང་། ཡོན་ཏན་བསོད་ནམས་ཕགས་དང་། གྲགས་འཕགས་དང་། ཀུན་ནས་སྣང་བ་འཕགས་དང་། བྱམས་པ་ཆེན་པོ་འཕགས་དང་། ཡེ་ཤེས་འབྱུང་བ་འཕག
313b9 དང་། དེ་བཞིན་གཤེགས་པའི་རུས་རིགས་འཕགས་དང་། སྡང་བའི་དཔལ་དང་། མཆོག་གི་དཔལ་དང་། ཡང་དག་འཕགས་པའི་དཔལ་དང་། རྣམ་པར་སྣང་བྱེད་དཔལ་དང་། ཟླ་བའི་དཔལ་དང་། ཚོགས་ཀྱི




iiif viewer powered by OpenSeadragon

313a - 314a

Texts on this page

Ng3.7 - 'phags pa ting nge 'dzin mchog dam pa
Ng3.8 - 'phags pa rab tu zhi ba rnam par nges pa'i cho 'phrul gyi ting nge 'dzin zhes bya ba theg pa chen po'i mdo