| e-texts navigator |
| Wylie |
54b1 ས་སྙོམས་པར་ཞུགས་མ་ཐག་ཏུ་སྐད་ཅིག་དེ་ཉིད་ལ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་གི་གཙུག་ཏོར་གི་གསེབ་ནས། སྔོན་གྱི་སངས་རྒྱས་རྗེས་སུ་དྲན་པར་བྱ་བ་ལ། ཆགས་པ་མྱེད་པོའི་ཡེ་ཤེས་སྣང
54b2 བ་ཞེས་བྱ་བའི་འོད་གཟེར་བྱུང་སྟེ། དེས་གནས་གཙང་མའི་ལྷའི་གནས་ཐམས་ཅད་སྣང་བར་བྱས་ནས། ལྷའི་དབང་ཕྱུག་ཆེན་པོ་ལས་སྩོགས་པ་ལྷའི་བུ་ཚད་མྱེད་པ་དག་ཡང་དག་པར་བསྐུལ་ཏོ།། དེ་བཞིན་གཤེས
54b3 བའི་འོད་ཀུཟེར་གྱི་ཆོགས་དེ་ལས་བསྐུལ་བའི་ཚིགས་སུ་བཅད་པ་འདི་དག་ཀྱང་བྱུང་ངོ་།། ། ཡེ་ཤེས་འོད་ལྡན་མུན་བཅོམ་འོད་མཛད་པ།། འོད་བཟང་ཀཟི་བརྗིད་དམ་པ་དྲི་མྱེད་པ། སྐུ་ལུས་རབ
54b4 ཐུགས་དགེ་ཞི་བ་པོ།། ཤག་ཀྱ་སེང་གེ་ཐུབ་དང་འཕྲད་པར་གྱི་ས།། ཡེ་ཤེས་རྒྱ་མཚོ་ཐུབ་ཆེན་དག་པ་སྟེ།། ཆོས་ཀྱི་མངའ་བ་དག་ཀུན་མཁྱེནད་ཐུབ་པའི་དབང་།། མྱི་དང་ལྔས་མཆོད་ལྷའི
54b5 ལྟར་གྱུར་པ།། ཆོས་ལ་རང་འབྱུང་མངའ་བདག་མཛད་པ། རྟོན།། གང་ཞིག་གདུལ་དཀའི་སེམས་ལ་མངའ་མཛད་དེ།། གང་།། ཞིག་བདུད་ཀྱི་སྙི་ལས་གྲོལ་བའི་ཐུགས།། དེ་འདིར་མཐོང་ཐོས
54b6 དོན་མྱེད་མ་ཡིན་གྱིས། རྣམ་གྲོལ་མཐར་ཕྱིན་ད་ཞི་བའི་དྲུང་དུ་དེང་།། མཚུངས་མྱེད་ཆོས་ལ་སྡང་བར་གྱུར་པ་སྟེ།། མུན་སེལ་ད་ཚུལ་བཟང་སྟོནད་པར་རབ་མཛད་པ།། སངས་རྒྱས་སྤྱོད་བཞི
54b7 མཁྱེནད་པ་དཔག་མྱེད་པ།། དེའི་དྲུང་དུ་དད་པ་མཆོག་གིས་དེང་།། དེ་ནི་སྨན་པའི་རྒྱལ་པོ་བདུད་རྩི་གཏོང་།། དེ་ནི་སྨྲ་བའི་དཔའ་བོ་ཚོགས་དྲན་འཇོམ།། དེ་ནི་ཆོས་ཀྱི་རྩ་ལག་དོན་དམ་མཁས།། དེ་ནི་འདྲེན་པ་བླ་མྱེད
54b8 ལམ་སྟོནད་པའོ།། གནས་གཙང་མའི་རོས་ཀྱི་ལྷོའི་བུ་དེ་དག་སྔོན་གྱི་སངས་རྒྱས་རྗེས་སུ་དྲན་པར་བྱ་བ་ལ། ཆགས་པ་མྱེད་པོའི་ཡེ་ཤེས་སྣང་བའི་འོད་གཟེར་དེས་ཕོག་ཅིང་ཚིགས་སུ་བཅད་པ་རྣམ་པ་དེ་ལྟ་བུ
54b9 དེ་དག་གིས་ཀྱང་བསྐུལ་མ་ཐག་ཏུ། རབ་ཏུ་ཞི་བའི་ཏིང་ངེ་འཛིན་དེ་ལས་ལངས་ནས་སངས་རྒྱས་ཀྱི་མཐུས་བསྐལ་པ་གྲངས་མྱེད། ཚད་མྱེད་བགྲང་བ་ལས་ཤིན་ཏུ་འདས་པ་དག་ལས་འདས་པའི་སངས