e-texts navigator
Collection
Volume
Page
Wylie

53b1 བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིནད་པ་ཐམས་ཅད་ལས་ངེས་པར་སྐྱེས་པ། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ཐམས་ཅད་ཀྱིས་རྣམ་པར་བརྩེ་བ། བྱང་ཆུབ་སེམས་དཔའི་གཟུངས་ཐམས་ཅད
53b2 ཐོབ་པ། བྱང་ཆུབ་སེམས་དཔའི་སྤོབས་པ་ཐམས་ཅད་ཐོབ་པ། བྱང་ཆུབ་སེམས་དཔའ་སྨོན་ལམ་ཐམས་ཅད་ཤིན་ཏུ་ཡོངས་སུ་རྫོགས་པ་བྱང་ཆུབ་སེམས་དཔའི་སོ་སོ་ཡང་དག་པར་རིག་པ་ཐམས
53b3 ཅད་རྟོགས་པར་ཁོང་དུ་ཆུད་པ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐམས་ཅད་ལ་དབང་ཐོབ་པ། བྱང་ཆུབ་སེམས་དཔའི་དབང་ཐམས་ཅད་ཐོབ་པ། བྱང་ཆུབ་སེམས་དཔའི་བཟོད་པ་ཐམས་ཅད་ལ
53b4 ཞུགས་པ་བྱང་ཆུབ་སེམས་དཔའི་ས་ཐམས་ཅད་རབ་ཏུ་རྫོ་གས་པ་ཤ་སྟག་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་སེཾས
53b5 དཔའ་ཆེན་པོ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་དང་། བྱང་། ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་ཏོག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་གྲུབ་བློ་གྲོས
53b6 དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱོད་པ་རབ་ཏུ་ཞི་བའི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་སེམ་ས་དཔའ་ཆེན་པོ་སོ་སོ་ཡང་དག་པར་རིག་པ་ཐོབ་པ་དང་།
53b7 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་རྟག་པར་སྦྱོར་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་སེམས་པ་དང་། དེ་དག་ལས་སྩོགས་པ་བྱང་ཆུབ་སེམས་དཔའ
53b8 སུམ་ཁྲི་ཉིས་སྟོང་དང་ཡང་ཐབས་གཅིག་ཀོ།། དེའི་ཚེ་བཅོམ་ལྡན་འདས་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོ་ན་འཁོར་བཞི་དང་། རྒྱལ་པོ་དང་། རྒྱལ་པོའི་སྲས་དང་། རྒྱལ་པོའི་བློན་པོ་ཆེན་པོ་དང་། ཆགས
53b9 འོག་གི་རྒྱལ་ཕྲན་དང་། རྒྱལ་པོའི་ཞམ་འབྲིང་བ་དང་། རྒྱལ་རིགས་དང་། བྲམ་ཟེ་དང་། ཚོང་དཔོན་དང་། ཁྱིམ་བདག་དང་། བློན་པོ་དང་། འཁོར་གྱི་མྱི་དང་། གྲོང་ཁྱེར་པ་དང་། ཡུལ་གྱི་མྱི་དང་།




iiif viewer powered by OpenSeadragon

53a - 54a

Texts on this page

Ng2.7 - 'phags pa rgya cher rol pa zhes bya ba theg pa chen po'i mdo