e-texts navigator
Collection
Volume
Page
Wylie

53a1 རྒྱ་གར་སྐད་དུ།། ཨ་རྱ་ལ་ལི་ཏ་བི་སྟ་རྣམས་པ་ཡ་ན་སུ་རྦ།། བོད་སྐད་དུ།། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད
53a2 ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཟོས་པ་དུས་ཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ། མགོན་མྱེད་ཟས་སྦྱིན་གྱི་ཀུན་དཀའ་ར་བ་ན། དགེ་སློང་ཁྲི་ཉིས་སྦྱོང་གི་དགེ་སློང
53a3 ཀི་དགེ་འདུན་ཆེན་པོ་ལ་འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་ཤེས་ཀོའུ་རི་ནྱ་དང་། ཚེ་དང་ལྡན་པ་རྟ་ཐུལ་དང་། ཚེ་དང་ལྡན་པ་བརླངས་པ་དང་། ཚེ་དང་ལྡན་པ་མྱོང་ཆེན་དང་། ཚེ་དང་ལྡན་པ་བཟང་པོ་དང་། ཚེ་དང་ལྡན
53a4 བ་གྲགས་སྦྱིན་དང་། ཚེ་དང་ལྡན་པ་དྲི་མྱེད་དང་། ཚེ་དང་ལྔ་ན་བ་ལག་བཟངས་དང་། ཚེ་དང་ལྡན་པ་གང་པོ་དང་། ཚེ་དང་ལྡན་པར་སང་བདག་དང་། ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་དང་། ཚེ་དང་ལྡན
53a5 བ་ཆུ་ཀླུང་འོད་སྲུང་དང་། ཚེ་དང་ལྡན་པ་ཀ་ཡ་འོད་སྲུང་དང་། ཚེ་དང་ལྡན་པ་ཤ་རིའི་བུ་དང་། ཚེ་དང་ལྡན་པ་མོའུ་འགལ་གི་བུ་ཆེ། ན་པོ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། ཚེ་དང་ལྡན
53a6 བ་ཀ་ཏའི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་ཀ་བྱིན་ཆེན་པོ་དང་། ཚེ་དང་ལྡན་པ་གསུས་པོ་ཆེ་དང་། ཚེ་དང་ལྡན་པ་སྐུལ་བྱེད་དང་། ཚེ་དང་ལྡན་པ་བྱམས་མ་འི་བུ་ཀང་པོ་དང་། ཚེ་དང་ལྡན་པ་མ
53a7 འགགས་པ་དང་། ཚེ་དང་ལྡན་པ་དཀའ་བྱེད་དང་། ཚེ་དང་ལྡན་པ་འུག་པ་དང་། ཚེ་དང་ལྡན་པ་རབ་འབྱོར་ད་དང་། ཚེ་དང་ལྡན་པ་ནམ་གྲུ་དང་། ཚེ་དང་ལྡན་པ་སེང་ལྡེངད་ནགས་དང་། ཚེ་དང་ལྡན་པ་དོན་ཡོད
53a8 རྒྱལ་པོ་དང་། ཚེ་དང་ལྡན་པ་ཕ་རོལ་ཏུ་འགྲོ་བ་ཆེན་པོ་དང་། ཚེ་དང་ལྡན་པ་བ་ཀུ་ལ་དང་། ཚེ་དང་ལྡན་པ་དགའ་བོ་དང་། ཚེ་དང་ལྡན་པ་སྒྲ་གཅན་འཛིན་དང་། ཚེ་དང་ལྡན་པ་ལེགས་འོངས་དང་། ཚེ་དང
53a9 ལྡན་པ་ཀུན་དགའ་བོ་དང་། དེ་དག་ལས་སྩོགས་པ་དགེ་སློང་ཁྲི་ཉིས་སྟོང་དང་ཐབས་གཅིག་ཏུ་བཞུགས་སོ།། བྱང་ཆུབ་སེམས་དཔའ་སུམ་ཁྲི་ཉིས་སྟོང་ཐམས་ཅད་ཀྱང་། སྐྱེ་བ་གཅིག་གིས་ཐོགས་པ




iiif viewer powered by OpenSeadragon

52b - 53b

Texts on this page

Ng2.7 - 'phags pa rgya cher rol pa zhes bya ba theg pa chen po'i mdo