e-texts navigator
Collection
Volume
Page
Wylie

49b1 པའི་སངས་རྒྱས་རྣམས་ལ་ནི།། བྱོན་དང་བཞུད་པ་མྱི་མངའ་ཡང་།། འོན་ཀྱང་བཞུད་པར་རྣམ་སྡང་བ།། འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།། རྒྱལ་བ་རྣམས་ནི་མཁའ་འདྲ་སྟེ།། ཆོས་རྣམས་ཀུན་ལ་མྱི་གནས
49b2 ཀྱང་།། ལྡང་བ་ལྟར་ཡང་སྣང་བ་ན།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། ཞབས་ནི་པད་མོའི་འདབ་འདྲ་སྟེ།། དེ་དག་རྡུལ་གྱིས་མྱི་གོས་ལ།། ཞབས་ཀྱང་འཁྲུ་བར་མཛད་པ་ན།། འདི་ནི་འཇིག་རྟེན
49b3 འཐུན་འཇུག་ཡིན།། དེ་དག་དྲི་མ་མྱི་མངའ་སྟེ།། སྐུ་ནི་གསེར་གྱི་མདོག་འདྲ་ཡང་།། རྫོགས་པའི་སངས་རྒྱས་ཞུས་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། ཞལ་གྱི་པད་མའི་དྲི་ལྡན་ཞིང
49b4 ཚེམས་ནི་དཱ་མྱེད་མུ་ཏིག་འདྲ།། འོན་ཀྱང་ཚེམས་ཤིང་གསོལ་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། དེ་དག་སྒྲིབས་པ་མྱི་མངའ་ཡང་།། དེ་དག་ཞལ་ཟས་གསོལ་མཛད།
49b5 ཅིང་།། སྦྱིན་པ་པོ་ལ་འབྲས་བུ་ཆེ།། འདི་ནི་འཇིག་རྟེན་འཐུན་ལ། དྲུག་ཡིན།། སྐུ་འཁྲེགས་རྡོ་རྗེ་འདྲ་བའི་ཕྱིར།། ཟག་པ་དགནི་མྱི་མངའ་ཡང་།། བཤང་བའི་སར་ནི་གཤེགས་མཛད་པ།།
49b6 འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། དེ་དག་སྙན་ནི་མྱི་མངའ་ཡང་།། དགེ་འདུན་བསྡུ་བ་མཛད་པའི་ཕྱིར།། སྨན་ཀྱང་སྟོན་པ་མཛད་པ་ནི།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། སངས་རྒྱས་ཡོན
49b7 ཏན་ཀུན་ལྡན་ཏེ།། སྐུ་ལ་འགྱུར་བ་མྱི་མངའ་ཡང་།། དེ་དག་དགལ་བ་སྟོན་མཛད་པ།། འདི་ནི་འཇིག་རྟེན་འདུན་འདུག་ཡིན།། འཇིག་རྟེན་ཁམས་ནི་དཔག་མྱེད་པ།། ཞབས་ཀྱི་འཐེ་བོས་གཡོལ་མ
49b8 ལ།། འོན་ཀྱང་ཉམས་ཆུང་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། ཡིད་ཀྱི་སྐུ་དང་ལྡན་པས་ན།། དེ་བཞིན་གཤེགས་པ་ཆོས་སྐུ་དང་།། ནག་ཅན་སྐུ་ནི་སྟོནད་མཛད་པ།། འདི་ནི་འཇིག
49b9 རྟེན་འཐུན་འཇུག་ཡིན།། སངས་རྒྱས་རྣམ་རྟོག་མྱི་མངལ་ཡང་།། སེམས་ཅན་ཁྱོད་ཡུལ་ཇི་བཞིན་དུ།། དེ་དག་སྤྱོད་པ་རྣམ་པར་རྟོག། འདི་ནི་འཇིག་རྟེན་འཐུན་འཇུག་ཡིནི།། དེ་དག་རྟག་ཏུ་མཉམ་བཞག




iiif viewer powered by OpenSeadragon

49a - 50a

Texts on this page

Ng2.6 - 'phags pa 'jig rten kyi rjes su 'thun par 'jug pa zhes bya ba theg pa chen po'i mdo