| e-texts navigator |
| Wylie |
36a1 པ་དེ་དག་ལ་ཡང་ཅི་སྐད་ཀོང་དུ་སྨོས་པ་བཞིན་དུ་སྤོས་དང་། བདུག་པ་དང་། མར་མེ་དང་། འཕྲེང་བ་དང་། རྒྱན་དང་། རོལ་མོའི་སྒྲ་དང་། སིལ་སྙན་དང་། ཕེཀ་རྡོབ་པ་རྣམས་ཀྱིས་མཆོད་དེ་བསྐོར།
36a2 བར་བགྱི་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་ཀྱང་གདོན་པར་བགྱི། སེམས་ཅན་ཐམས་ཅད་ལ་ཡང་ཕན་པའི་སེམས་དང་། བྱམས་པའི་སེམས་སུ་བགྱི། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བསྙེན་ཀན
36a3 ལ་གནས་ཏེ། ལན་གསུམ་ཁྲུས་བགྱི་ཞིང་གོས་ལན་གསུམ་བརྗེ་བར་བགྱི། ཚེས་བརྒྱད་ནས་བརྩམས་ཏེ། ཟླ་བ་ཕྱི་མའི་བཅོ་ལྔའི་ཉའི་བར་དུ་ཉིན་ཅིག་བཞིན་རིགས་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་ནས། དེ་ལ
36a4 བདག་གིས་རྨྱི་ལམ་དུ་མཐོང་བ་གསལ་བར་བགྱི། འབྲེལ་པའི་བཀའ་མཆུད་ཀྱང་བགྱི། རེ་བ་ཐམས་ཅད་ཀྱང་ཡོངས་སུ་བསྐང་ར་བགྱིའོ།། དེ་ནས་བྱང་ཆུབ་སེམས་དཔའི་འཁོར་དེ་ཐམས
36a5 ཅད་ཀྱིས། བྱང་ཆུབ་སེམས་ཅ་དཔའ་ལག་ན་རྡོ་རྗེ་ལ་ལེགས་སོ་ཞེ། ས་བྱ་བ་བྱིན་ཏེ། ལག་ན་རྡོ་རྗེ་ཁྱོད་ཀྱིས་གཟུངས་ཀྱི་གསང་སྔག། ས་ཀྱི་གཞི་འདི་དག་ལེགས་པར་སྨྲས་པ་ལེགས་སོ་ལེགས་སོ།
36a6 དེ་བཞིན་གཤེགས་པ་དེ་དག་ཀྱིས་ཀྱང་འདི་སྐད་ཅེས་བཀའ་སརྦལ་ད་ཏོ།། ལག་ན་རྡོ་རྗེ་ངེད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དང་། ཕན་པ་དང་། བདེ་བ་དང་། རེ་བ་ཐམས་ཅད་ཡོངས་སུ་བསྐང་བཱི
36a7 ཕྱིར། གཟུངས་ཀྱི་ཀཽ་ཞ་འདི་དག་བྱིན་ཀྱིས་བརླབས་སོ།། དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྗེན་སྐྱོང་བ་རྣམས་ལ་བོས་ཏེ་བཀའ་སཿལད་པ། གྲོགས
36a8 པོ་དག་ཁྱེད་ལ་ཆོས་ཀྱི་རྣམ་གྲངས་འདི་རྗེས་སུ་གཏད་ཀྱིས། ཁྱོད་ཀྱིས་ཅི་ནས་ཀྱང་ཆོས་ཀྱི་རྣམ་གྲངས་ཆེན་པོ་དེ་བཞིན་གཤེགས་པ་དང་མཚུངས་པ། སྡིག་པ་ཐམས་ཅད་བྱང་བར་བྱེད་པ། རེ་བ་ཐམས་ཅད
36a9 ཡོངས་སུ་རྫོགས་པར་སྐང་བ་འདི་ཕྱི་མའི་ཚེ་ཕྱི་མའི་རྗེས་ལྔ་བརྒྱ་ཐ་མ་ལ། སེམས་ཅན་བསོད་ནམས་ཆུ་ངུ་དམ་པའི་ཆོས་སྤོང་བ། འཕགས་པ་ལ་བསྐུར་བ་འདེབས་པ་རྣམས་ཀྱི་ལག་ཏུ་མྱུར་དུ་ནུབ་པར་མྱི་འགྱུར་བར
36a10 སྲུངས་ཤིག།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟ་ལས་ལངས་ཏེ། ཟླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་སྐ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ཀ་ལ་བི་དེ་ལོགས་སུ་ཐལ་མོ་སྦྱད་པ་བཏུད་ནས། བཅོམ་ལྡན