e-texts navigator
Collection
Volume
Page
Wylie

35a1 གཞནས་རྣམས་ཀྱི་མོད་ཀྱི་སྣོད་ཀྱིས་ཀྱི་བྱུང་བ་ཆུབ་སུ་ས་པོས། བཅོས་ལྡན་འདས་དེ་བཞི་གཤེགས་པ་རྣམས་ཀྱང་མངོན་རྒྱམ་པོང་སྟེ། མངོད་པ་གྱིས་སོ།། ཡང་བཅོམ་ལྡན་འདས་མྱོས
35a2 གང་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆན་དང་། གཟུངས་ཀྱི་ཚིག་འདི་དག་སྤྱོད་པ་དེར་བདག་ཅག་གཡོག་དང་བཅས་ཏེ་མ་རྨི་བར་བགྱིའོའོ།། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཞིག་འཆང་བ་དང་། ཀློག་པ་དང་། མཆོད
35a3 པ་བགྱིད་པ་དང་། ཡི་གེར་འདིར་གསོལ་པ་དེར་བདག་ཅག་ལྷན་ཅིག་མཐུན་པར་མཆི་སྟེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་འམ། རྒྱལ་པོ་འམ། རྒྱལ་པོའི་བློན་པོ་འམ། མདོའི་སྡེའི་དབང་པོ་འཛིནད་པ་དང་། འཛི
35a4 བ་དེ་ལ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བསྲུང་བར་བགྱིའོ།། ། གྲོང་དང་ཀྲོང་ཁྱེར་དང་། ཕྱོགས་ཀྱང་བསྐྱང་བར་བགྱིའོ།། 2ཆི་བ་དང་། དགྲ་དང་། དགོན་པ་དང་། ནད་ཐམས་ཅད་རབ་ཏུ་ཞི་བར
35a5 བདག་ཅག་ནི་དེ་བཞིན་གཤེགས་པ་དང་། སེམས་ཅན་ཐམས་ཅད། ལ་བྱས་པ་བཟོའ་བ་ལགས་ཏེ། དུས་མ་ལགས་པར་འགུམ་པ། ཐམས་ཅད་ལས་བཟློག་པར་བགྱིའོ།། འཐབ་པ་དང་། འཐལ
35a6 མོ་དང་། ཆོད་པ་དང་། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ།། ཅི་ལྟར་བསམས་པ་དང་། སེམས་ཡོད་བདེ་བ་དང་། ལོངས་སྤྱོད་དང་། དབང་ཕྱུག་དང་། ནོར་དང་། འབྲུ་རྣམས་འཕེལ་བར་བགྱི
35a7 ཐམས་ཅད་དུ་སྲུང་བར་འགྱིའོ།། བཅོམ་ལྡན་འདས་བདག་ཅག་རང་གི་ཁྲོ་བོར་བ་དང་། དམ་བཅས་པ་འདི་དག་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་དེས་རྗེས་སུ་དྲན་པར་བགྱིའོ།། ། ཏད་ཡ་ཡ། ཨ་སཱུ
35a8 མ་ཀུ། ཏ་ར་ཀཱུ་མ་མ་ཀཱུ་ཀུ་རེ་ཧ་ཧུ་ཧེ། མྲ་མྲ་མྲ་མྲ། ཛུ་ཛུ་རེ་ཛུ་ར། སྭ་ཧཱ། གང་ལ་ལ་ཞིག་དེ་བཞིན་གཤེགས་པའི་མཚན་རྣམས་དང་། གཟུངས་ཀྱི་ཚིག་འདི་དག་འཆང་བ་དང་། ཀློག་པ་དང་། ཡི་གེར་འདྲི
35a9 བ་དང་། ཡི་གེར་འདིར་གསོལྡ་པ་དང་། རབ་ཏུ་གུས་པར་མཆོད་པ་བགྱིད་པ་དེ་ནི། ངན་སོང་གསུམ་དུ་མྱི་འཆི་བར་བགྱི་སྟེ། དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མྱི་ལྡོག་པར་འགྱུར། ཅི་ལྟར




iiif viewer powered by OpenSeadragon

34b - 35b

Texts on this page

Ng2.4 - 'phags pa de bzhin gshegs pa bdun gyi sngon gyi smon lam gyi khyad par rgyas pa zhes bya ba theg pa chen po'i mdo