e-texts navigator
Collection
Volume
Page
Wylie

34a1 འཇམ་དཔལ་གཞོ་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འཇམ་དཔལ་ལེགས་སོ་ལེགས་སོ།། འཇམ་དཔལ་སེམས་ཅན་ཐམས་ཅད་ཀྱི་དོན་དང་སྙིང་རྗེ་བའི་ཕྱིར། ཁྱོད་ཀྱི་སྤོབས
34a2 པ་དེ་ནི་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་སྐྱེས་སོ།། ཡང་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ།། འཇམ་དཔལ་དེ་བཞིན་གཤེགས་པའི་ཏིང་ངེ་འཛིནད་ཀྱི་སྟོབས་སྐྱེད་པ་བྱེ་དཱུརྱའི་འོད་ཅེས
34a3 གཟུངས་ཡོད་དེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་སེམས་ཅན་ཐམས་ཅད་ལ་སྙིང་རྗེའི་སེམས་ཀྱིས་གཟུངས་དེ་བཟུང་ངམ། ཀླགས་སམ། མཆོད་ན། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར། དེ་བཞིན་ག།
34a4 པས་དགོངས་ཤིང་། དེ་བཞིན་གཤེགས་པས་མཐོང་བར་འགྱུར། ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་དག་ནས་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ།། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན
34a5 གཤེགས་པའི་ཏིང་ངེ་འཛིནད་ཀྱི་སྟོབས་བསྐྱེད་པ་བྱེ་དཱུརྱའི་འོད་ཅེས། བྱ་བའི་གཟུངས་ག་ལགས། དེ་ནས་དེ་བཞིན་གཤེགས་པ་དེ་ད། ཀ་ཀིས། དབྱངས་གཅིག་གིས་གཟུངས་ཀྱི་ཚིག་འདི་དག་བཀའ
34a6 སུ་ལད་ཏོ།། ཏད་ཡཱ་ཐཱ། ཀཱུ་མེ་ཀཱུ་མེ། ཨེ་མཱི་ནི་མཱི་ཧཱི། མཱ་ཏི་མཱ་ཏི། ས་བ་ཏ་ཐཱ་ག་ཏ་ས་མཱ་དཱ་དཱི། ཤཱི་ཏེ་ཨ་ཏེ་མ་ཏེ་བ་ལེ། པ་པ་ཤོ་དཱ་ནི། སརྦ་པ་བན་ན་ཤ་ཡཱ། ས་མ་བྷུད་དེ། བུད་དོད་ཏ་མེ
34a7 ཨུ་མེ་ཀུ་མེ། བུད་དཱ་ཀེ་ཏྲ་བཱ་རི་ཤོ་དན། དཱ་མེ་ནི་ར་དཱ་མེ། མེ་ནུ་མེ་རུ། མེ་རུ་ཀི་ཁ་རེ། སརྦ་ཨ་ཀ་ལ་མྲི་ཏུ་ནི་བ་ཧ་ར་ནི། བྷུད་དེ་སུ་བུད་དེ། བུད་པཱ་ས་པཱ་ཤཱི་ནེ། ན་ར་ཀྲཱན་ཏུ་སྭེ། ས་རྦ་དྭེ་བཱ་སེ་མེ། ཨ་ས་ཨེ། ས་མ
34a8 ཧ་རད་ཏུ། ས་རྦ་བྷུད་དྷ་བོ་དྷི་སྭ་ཏཱ་ཤ་མེ་ཤ་མེ། པྲ་ཤ་མན་ཏུ་མཱ། སརྦ་ཨཱི། ཏྱུ་བ་ཏཱ་བ་བྱ་དཱ་ཡཱ། པུ་འུ་ར་ནེ། པུ་འུ་ར་ནེ། པུ་འུ་ར་ཡ་མེ། སརྦ་ཨ་ཤ་བཱི་རྱའུ་པྲ་ཏིཔྟ་སེ། སརྦ་པ་པ་ཀྐ་ཡང་ཀ་རི། སྭ་ཧཱ།
34a9 གཟུངས་འདི་བཀའ་སཿལད་པའི་ཚེ། སྣང་བ་ཆེན་པོ་བྱུང་སྟེ། ས་ཆེན་པོ་གཡོས་ནས། རྫུ་འཕྲུལ་རྣམ་པར་འཕྲུལ་བ་དག་སྡང་ངོ་།། འཁོར་མི་ལྟར་ལྷགས་པ་དེས་ཀྱང་ལྷའི་སྤོས་དང་། བདུག་པ་རྣམས་ཀྱིས་དེ་བཞིན




iiif viewer powered by OpenSeadragon

33b - 34b

Texts on this page

Ng2.4 - 'phags pa de bzhin gshegs pa bdun gyi sngon gyi smon lam gyi khyad par rgyas pa zhes bya ba theg pa chen po'i mdo