| e-texts navigator |
| Wylie |
277a1 བྱས་ཏེ།། མདོ་སྡེ་འདི་ནི་རྟག་པར་རབ་ཏུ་གཟུང་བར་བྱ།། དེ་བཞིན་གཤེགས་པ་ཐམས་ཅད་མངོན་བྱུང་གང་ཡིན་པ།། འདི་མི་ལེགས་པར་བཤད་པ་ཀུན་གྱི་རྒྱལ་པོ་ཡིན།། མདོའི་སྔ་དཀོན་མཆོག་འདི་ནི
277a2 གང་ན་གནས་གྱུར་ད་པ།། དེའི་ཁྱིམ་དུ་དེ་བཞིན་གཤེགས་པ་རྟག་ཏུ་གནས།། གང་གིས་མདོའ་འདི་ཕ་རོལ་དེ་དག་ལ་བྱེན་པ་དང་།། ཚིག་གཅིག་བརྗོད་པ་ཡང་བསྐལ་པ་བྱེ་བར་ནི།། ཚིག་འབྲུ་རྣམས་སམ་དོན་ལས་ཉེས
277a3 མྱི་འགྱུར།། སྤོབས་པ་དགེ་བ་མཐའ་ཡས་པ་དག་འཐོབ་པར་འགྱུར།། གངབཞིག་ཆོས་འདི་ཐོས་ནས་རབ་ཏུ་སྒྲུབ་བྱེད་པ།། དེ་ནི་མྱིའི་འདྲེན་པ་མ་གཏོགས་འོག་ཏུ་ནི།། དེ་འདྲའི་སེམས་ཅད་ཀ་པ་ཡང་སོད་མ་ཡིན།། དེ་ནི་རྒྱ
277a4 མཚོ་ལྟ་བུར་ཟད་མྱི་ཤེས་པར་འགྱུར།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སཿལ་ནས། ལྷའི་བུ་དབང་ཕྱུག་ཆེན་པོ་ལ་ཚོགས་པ། གནས་གཙང་མའི་རིས་ཀྱི་ལྷའི་བུ་དེ་དག་ཀྱང་། བྱམས་པ་ལ་མཚོགས
277a5 པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ད། པ། འོད་སྲུང་ཆེན་པོ་ལས་སཙོགས་པ་ཉན་ཐོས་ཆེན་པོ་ཐམས་ཅད་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷ་དང་། མྱི་དང་། ལྷ
277a6 མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཇུག་བསྡུ་བའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་བདུན་པའོ།།
277a7 འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའ་རྫོགས་སྷོ།།
277a8 རྒྱ་གར་གྱི་མཁན་པོ་འཛིན་གྱི་ཏྲ་དང་། དན་ཤིལ་དང་། མུ་ནེ་བར་ཨ་དང་། ཤུ་ཆེན་གྱི་ལོ་ཙ་བ་བན་དེ་ཡེ་ཤེས་སྡེས་བསྒྱུརྡ་ཅིང་ཞུས་སྟེ། སྐད་གས་ཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ
277a9 རྫོགས་སོ།།