e-texts navigator
Collection
Volume
Page
Wylie

276b1 བརྒྱ་སྟོང་དུ་མ་ཡང་དག་པར་བསྒྲུབས་པ། འདི་ཁྱེད་ཀྱི་ལཀ་ཏུ་གཏད་ཏེ། ཡོངས་སུ་གཏད་པའི་མཆོག་གིས་གཏད་དོ།། བདག་ཉིད་ཀྱིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པ
276b2 ཅིག། དེ་སྐད་ཅེས་བཀའ་སཿསད་ནས། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་རྒྱ་ཆེར་ཡོངས་སུ་གཏད་པའི་ཕྱིར། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སཿལད་ཏོ།། སངས་རྒྱས་གཟིགས་པས
276b3 སེམས་ཅན་གང་དག་ངས་མཐོང་བ།། དེ་དཀ་ཤ་རིའི་བུ་འདྲར་དགྲ་བཅོམ་པར་གྱུར་ད་ལ།། ག་ལད་ཏེ་ལ་ལས་གང་འགའི་ཀླུང་གི་བྱེ་སྙེད་ཀྱི།། བསྐལ་ད་པ་བྱེ་བར་དེ་དག་རྣམས་ལ་མཆོད་བྱེད་ལ།། གང་ཞིག་ཉིད་ཞག
276b4 གཅིག་ཏུ་རབ་ཏུ་དཀའ་བ་ཡིས།། རང་སངས་རྒྱས་རྣམས་ལ་ནི་འཕྲེང་བ་དེ་བཞིན་དུ།། གཞན་ཡང་རྣམ་པ་མཆོག་རྣམས་ཀྱིས་ནི་མ་ད་བྱེད་ན།། དེ་བས་བསོད་ནམས་བྱས་པ་འདི་ནི་ཁྱད་པར་འཕགས
276b5 ག་ལད་ཏེ་སེམས་ཅན་ཐམས་ཅད་རང་རྒྱལ་འཐོབ་འགྱུར་ལ།། དེ། དག་རྣམས་ལ་གང་ཞིག་འདིར་ནི་བག་ཡོད་པར།། བསྐལ་ད་པ་རུ། མར་ཟས་དང་སྐོམ་དང་བགོ་བ་དང་།། མེ་ཏོག་སྤོས་དང་བྱུག་པ
276b6 རྣམས་ཀྱིས་མཆོད་བྱེད་ལ།། གང་ཞིག་གིས་ནི་དེ་བཞིན་གཤེགས་པཀ་ཤི་གཅིག་ལ།། ལན་ཅིག་ཕྱག་འཚལ་བྱེད་ཅིང་དང་བའི་སེམས་ཀྱིས་ནི།། དགྲ་བཅོམ་པ་ལ་ཕྱག། འཚལ་ལོ་ཞེས་ཚིག་བརྗོད་ན།
276b7 དེ་བས་བསོད་ནམས་འདི་ནི་ཤིནད་ཏུ་ཆེས་མཆོག་གོ།། ག་ལད་ཏེ་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་ཀྱུར་ད་ལ།། དེ་དག་རྣཾས་ལ་གང་ཞིག་སྔ་བཞིན་མཆོད་བྱེད་ཅིང་།། ལྷའི་མེ་ཏོག་རྣམས་དང་མྱིའི་མཆོག་རྣམས
276b8 རང་།། རྣམ་པ། མང་པོས་བསྐལ་པ་ཏུ་མར་མཆོད་བྱེད་ལ། གང་ཞིག་དམ་པའི་ཆོས་ནི་རྣམ་པར་འཇིག་པའི་ཚེ།། རང་གི་ལུས་དང་དེ་བཞིན་སྲོག་ཀྱང་བཏང་ནས་ནི།། ཞག་ཅིག་བར་དུ་མདོ་སྡེ་འདི་ནི་འཛིན་དབྱེད་ན།།
276b9 བསོད་ནམས་འདི་ནི་དེ་བས་ཁྱལ་བར་འཕགས་པར་འགྱུར།། གང་དག་རྣམ་པར་འདྲེན་པ་རྣམས་དང་རང་རྒྱལ་དང་།། དེ་བཞིན་ཉན་ཐོས་རྣམས་ལ་མཆོད་པ་བྱེད་འདོད་པ།། དེ་ཡིས་བྱང་ཆུབ་སེམས་ནི་བརྟན་པོར་བསྐྱེད




iiif viewer powered by OpenSeadragon

276a - 277a

Texts on this page

Ng2.7 - 'phags pa rgya cher rol pa zhes bya ba theg pa chen po'i mdo