e-texts navigator
Collection
Volume
Page
Wylie

276a1 པ་འབྱུང་བར་མྱི་འགྱུར་བ་དང་། ཆོམ་རྐུན་ཀྱིས་དཀྲུགས་པའི་འཇིགས་པ་འབྱུང་བར་མྱི་འགྱུར་བ་དང་། སྦྲུལ་གྱིས་དཀྲུག་པའི་འཇིགས་པ་འབྱུང་བར་མྱི་འགྱུར་བ་དང་། མུ་ཀེའི་དགོན་པས་དཀྲུག་པའི་འཇིགས
276a2 པ་འབྱུང་བར་མྱི་འགྱུར་བ་དང་། ཕན་ཚུན་འཐབ་པ་དང་། ཆོད་པ་དང་། འགྱེད་པ་དང་། འཚང་འདྲུ་བས་དཀྲུག་པའི་འཇིགས་པ་འབྱུང་བར་མྱི་འགྱུར་བ་དང་། ལྷས་དཀྲུག་པའི་འཇིགས་པ་འབྱུང་བར་མྱི་འགྱུར་བ་དང་།
276a3 ཀླུས་དཀྲུག་པའི་འཇིགས་པ་འབྱུང་བར་མྱི་འགྱུར་བ་དང་།། གནོད་སྦྱིན་ལ་བཚོགས་པས་དཀྲུགས་པའི་འཇིགས་པ་འབྱུང་བར་མྱི་འགྱུར་བ་དང་། འཚེ་བ་ཐམས་ཅད་ཀྱིས་དཀྲུག་པའི་འཇིགས་པ་མྱི་འབྱུང་བར་འགྱུར་བ་སྟེ།
276a4 སྔོན་གྱི་ལས་ཀྱི་རྣམ་པར་སྦྱིན་པ་མ་གཏོགས་པར། གྲོགས་པོ་དག་འཇིགས་པ་བརྒྱད་པོ་དེ་དག་འབྱུང་བར་མྱི་འགྱུར་རོ།། གྲོགས་པོ་དག་མདོར་ན། ཀ་ལད་ཏེ་དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་བསྐུ་ལད་པར་བཞུག
276a5 ལ། ཉིན་མཚན་དུ་རྒྱུན་མྱི་འཆད་པར་ཆོས་ཀྱི་རྣམ་གྲངས་འདིའི་བསྡུ།། ཀས་པ་བརྗོད་ཀྱང་། ཆོས་ཀྱི་རྣམ་གྲངས་འདིའི་བསྔགས་པ་མཐར།། ཟུག་པར་ཡང་མྱི་འགྱུར་ལ། དེ་བཞིན་གཤེགས་པའི་སྤོབས་པ
276a6 ཡང་ཟད་པར་མྱི་འགྱུར་རོ།། གྲོགས་པོ་དག་ཇི་ལྟར་དེ་བཞིན་ག། གས་པའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིནད་དང་། ཤེས་རབ་དང་། མ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཚད་མྱེད
276a7 ཅིང་ཐུག་པ་མྱེད་པ་དེ་བཞིན་དུ། གྲོགས་པོ་དག་གང་ཆོས་རྒྱ་ཆེན་པོ་འདི་ལྟ་བུ་འདི་སེམས་ཅན་འདི་དག་གིས་ཇི་ལྟར་ཐོབ་པར་འགྱུར་སྙམ་པའི་སེམས་འདིས། ཆོས་ཀྱི་རྣམ་གྲགས་འདི་འཛིནད་པ་དང་། འཆང་བ་དང་། ཀློག་པ་དང་།
276a8 ཡི་ཀེར་འདྲིར་འཇུག་པ་དང་། འཇུག་པར་བྱེད་པ་དང་། འཁོར་གྱི་ནང་དུ་རྒྱ་ཆེར་ཡང་དག་པར་སྟོནད་པར་འགྱུར་བ་དེ་དག་གི་བསོད་ནམས་ཀྱང་ཐུག་པ་མྱེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང
276a9 ཚེ་དང་ལྡན་པ་ཀུན་དཀའ་བོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བཀའ་སཿལད་པ། གྲོགས་པོ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རས་བསྐལ་པ་གྲངས་མྱེད་པ་བྱེ་བ་ཁྲག་ཁྲིག




iiif viewer powered by OpenSeadragon

275b - 276b

Texts on this page

Ng2.7 - 'phags pa rgya cher rol pa zhes bya ba theg pa chen po'i mdo