e-texts navigator
Collection
Volume
Page
Wylie

275b1 འཕྲུལ་དུ་གྱུ་རད་པ་འདི་ནི་བསོད་ནམས་ཆེན་པོ་དྲུག་པའོ།། ལྷའི་རྒྱལ་པོ་དབང་སྒྱུར་དུ་གྱུར་པ་འདི་ནི་བསོད་ནམས་ཆེན་པོ་ས་། ཚངས་པ་ཆེན་པོའི་ཚངས་པར་འགྱུར་བ་འདི་ནི་བསོད་ནམས་ཆེན་པོ་བརྒྱད་པའོ།།
275b2 ཐ་མར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱི་དགེ་བའི་ཆོས་ཐམས་ཅད་སྤངས་པས། དགེ་བའི་ཆོས་ཐམས་ཅད་དང་ལྡན་པར་ཡང་འགྱུར་ཏེ། བསོད་ནམས་ཆེན་པོ་བརྒྱད་པོ
275b3 དེ་དག་འཐོབ་པར་འགྱུར་རོ།། གྲོགས་པོ་དག་གང་ལ་ལ་ཞིག་རྒྱ་ཆེར་རོལ་པའི་ཆོས་ཀྱི་རྣམ་གྲངས་འདི་འཆད་པ་ན། ན་བླགས་ཏེ་ཉན་པར་འགྱུར་བ་དེ་མེས་ཟི་བྱེད། བརྒྱད་ཐོབ་པར་འགྱུར་ཏེ། བརྒྱད་གང་ཞེ་ན་འདི
275b4 ལྟ་སྟེ། ཞེ་སྡང་ཐམས་ཅད་གཞོམ་པའི་ཕྱིར། བྱམས་པ་འཐོབ་པར་འགྱུར་བ་དང་། རྣམ་པར་འཚེ་བ་ཐམས་ཅད་འདོར་བའི་ཕྱིར། སྙིང་རྗེ་འཐོབ་པར་འགྱུར་བ་དང་། མྱི་དཀའ་བ་ཐམས་ཅད་བསལ་བའི་ཕྱིར
275b5 དཀའ་བ་འཐོབ་པར་འགྱུར་བ་དང་། རྗེས་སུ་ཆགས་པ་དང་། འོད་ཁྲོ་བ་དོར་བའི་ཕྱིར། བཏང་སྙོམས་འཐོབ་པར་འགྱུར་བ་དང་། འདོད་པའི་ཁམས་ཐམས་ཅད་ལ་དབང་སྒྱུར་བར་བྱ་བའི་ཕྱིར
275b6 བསམ་གཏན་བཞི་ཐོབ་པར་འགྱུར་བ་དང་། སེམས་ལ་དབ་སྦྱར་བར་བྱ་བའི་ཕྱིར། གཟུགས་མྱེད་པའི་སྙོམས་པར་འཇུག་བཞི་ཐོབ་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་གཞན་དུ་འགྲོ
275b7 བ་དང་། འོང་བར་བྱ་བའི་ཕྱིར་མངོན་པར་ཤེས་པ་ལྔ་འཐོབ་པར་འགྱུར་བ་དང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིནད་ཐོབ་པར་བྱ་བའི་ཕྱིར། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡང་དག་པར་གཞོམ་པ་འཐོབ་པར་འགྱུར
275b8 བྱཱསྟེ། སེམས་དྲིམའ་བྱེད་པ་བརྒྱད་པོ་དེ་དག་འཐོབ་པར་འགྱུར་རོ།། ཀློགས་པོ་དགྲ་གྲོང་ངས་གྲོང་ཁྱེར་ནམ། གྲོང་རྡམ་ལམ་ལྗོངས་སམ། ལྗོངས་ཀྱི་ཕྱོགས་སྔམ། འཆགས་འམ། གཙུག་ལག་འདུདུ
275b9 རྗེ་རོ་མེད་པའི་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པར་འགྱུར་དེས། སྔོན་གྱི་ལས་ཀྱི་རྣམ་པར་སྤྱོད་པ་ལ་གཏོགས་པར། འཇིགས་པ་བརྒྱད་འབྱུང་བར་གྱི་འགྱུར་ཏེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། རྒྱལ་པོས་དཀྲུགས་པ་འི་ལ།




iiif viewer powered by OpenSeadragon

275a - 276a

Texts on this page

Ng2.7 - 'phags pa rgya cher rol pa zhes bya ba theg pa chen po'i mdo