e-texts navigator
Collection
Volume
Page
Wylie

275a1 སྟེ་སེར་སྣའི་སེམས་མྱེད་པས། སྦྱིན་པའི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བ་དང་། དགེ་བའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས། ཚུལ་ཁྲིམས་ཀྱི་ཚོགས་ཡོངས་སུ་རྫོགས་པར
275a2 འགྱུར་བ་དང་། ཆགས་པ་མྱེད་པའི་ཡེ་ཤེས་ཡང་དག་པར་བསྒྲུབ་པའི་ཕྱིར་ཐོས་པའི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བ་དང་། ཏིང་ངེ་འཛིནད་དང་སྙོམས་པར་འཇུག་པ་ཐམས་ཅད་མངོན་དུ་བྱ་བའི་ཕྱིར། ཞི་ག་ནས
275a3 ཀྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བ་དང་། རིག་པ་གསུམ་གྱི་རིག་པ་རབ་ཏུ་རྫོགས་པར་བྱེད་པའི་ཕྱིར། ལྷག་མཐོར་གྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བ་དང་། མཚན་དང་དཔེ་བྱད་བཟང་པོ་དང་། སངས
275a4 རྒྱས་ཀྱི་ཞིང་གི་རྒྱན་ཡོངས་སུ་སྦྱོང་བཱི་ཕྱིར། བསོད་ནམས་ཀྱི་ཚོག། ས་ཡོངས་སུ་རྫོགས་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཇི་ལྟར་མོས་པ་བཞིན་དུ་སིམ་པར་བྱ་བའི་ཕྱིར། ཡེ་ཤེས་ཀྱི
275a5 ཚོགས་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅ། ད་ཡོངས་སུ་སྦྱིན་པར་བྱ་བ་ལ་ཡོངས་སུ་མྱི་སྐྱོ་བར་བྱ་བའི་ཕྱིར།། སྙིང་པོ་ཆེན་པོའི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བ་སྟེ།
275a6 ཚོགས་བརྒྱད་པོ་དེ་དག་ཡོངས་སུ་རྫོགས་པར་འགྱུར་རོ།། གྲོགས་པོ་དཀ་ཀ་པ་ལ་ལ་ཞིག་འདི་ལྟ་བུའི་སེམས་དང་ལྡན་ཏེ། འདི་ལྟ་སྟེ། ཇི་ལྟར་སེམས་ཅན་འདི་དག་རྣམ་པ་འདི་ལྟ་བུའི་ཆོས་འདི་ཐོས་པར
275a7 འགྱུར་སྙམ་ནས། རྒྱ་ཆེར་རོལ་པའི་ཆོས་ཀྱི་རྣམ་གྲངས་འདི་གཞན་དག་ལ་རྒྱ་ཆེར་རབ་ཏུ་སྟོནད་པར་བྱེད་ན། དེ་དགེ་བའི་ར་བ་དེས་བསོད་ནམས་ཆེན་པོ་བརྒྱད་ཐོབ་པར་འགྱུར་ཏེ། བརྒྱད་གང་ཞེ་ན་འདི་ལྟ་སྟེ། འཁོར་ལོས
275a8 སྒྱུར་བའི་རྒྱལ་པོ་ཐོབ་པར་འགྱུར་བ་འདི་ནི་བསོད་ནམས་ཆེན་པོ་དང་པོའོ།། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་བདག་པོ་བྱེད་པ་གྲུ་འདི་དོ།། བསོད་ནམས་ཆེན་པོ་གཉིས་པའོ།། ལྷའི་དབང་པོ་བརྒྱ་བྱིན་དུ་གྱུར་པ
275a9 འདི་ནི་བསོད་ནམས་ཆེན་པོ་གསུམ་པའོ།། ལྷའི་བུ་རབ་འཐབ་བྲལ་དུ་འགྱུར་བ་འདི་ནི། བསོན་ནམས་ཆེན་པོ་བཞི་པའོ།། ཡོངས་སུ་དགའ་ལྡན་དུ་འགྱུར་བ་འདི་ནི་བསོད་ནམས་ཆེན་པོ་ལྔ་པའོ།། རབ




iiif viewer powered by OpenSeadragon

274b - 275b

Texts on this page

Ng2.7 - 'phags pa rgya cher rol pa zhes bya ba theg pa chen po'i mdo