| e-texts navigator |
| Wylie |
274b1 པའི་ཚིག་དང་། མྱི་བརླང་བས་སྙན་ཅིང་འཇམ་པའི་ཚིག་དང་། སུས་དང་སེམས་ཚིམ་པར་བྱེད་པས། ཀ་ལ་བྱིང་ཀའི་སྒྲ་སྐད་ལྟ་བུ་དང་། སེམས་ཅན་སྡུད་པས་ཚིག་སྙནད་པ་དང་། སྒྲ་ཐམས་ཅད་ཐལ
274b2 ཀྱིས་ནོད་པས་ཚངས་པའི་སྐྲ་ལྟ་བུ་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་ཀྱི་ནོར་པས་མེང་གེ་བསྒྱིངས་པའི་སྒྲ་ལྟ་བུ་དང་། སེམས་ཅན་ཐམས་ཅད་ཀྱི་དབང་པོ་ཡོངས་སུ་ཚིམ་པར་བྱེད་པས་སངས་རྒྱས
274b3 ཀྱི་གསུང་སྟེ། ངག་གི་ལས་ཡོངས་སུ་དག་པ་བརྒྱད་པོ་དེ་དག་ཐོབ་པར་འགྱུར་རོ།། གྲོགས་པོ་དགགཔལ་ལ་ཞིག་རྒྱ་ཆེར་རོལ་ད་པའི་ཆོས་ཀྱི་རྣམ་གྲངས་འདི་གླེགས་བམ་དུ་བྲིས་ཏེ་འཆང་ངམ
274b4 ཀློག་གམ་པ་སྟི་སྟང་དུ་བྱེད་དམག་བཙུན་པར་བྱེད་དམ། རིམ་གྲོར་བྱེད་དམ། མཆོད་པར་བྱེད་དམ། སེར་སྣ་མྱེད་པ་འི་སེམས་ཀྱིས་ཆོས་ཀྱི་རྣམ་གྲངས་འདིའི་བསྔགས་པ་ཕྱོ
274b5 བཞིར་བརྗོད་པ་དང་། ཚུར་ཤེག་ཆོས་ཀྱི་རྣམ་གྲངས་འདི་ཡི་ཀེར་བྲིས་ཤིག། ཆོངས་ཤིག། ལྟོགས་ཤིག། སོམས་རྐེ། ག། ཁ་ཏོན་གྱིས་ཤིག་ཅེས་སྤྱོད་པར་བྱེད་པ་དེ། གཏེར
274b6 ཆེན་པོ་བརྒྱད་ཐོབ་པར་འགྱུར་ཏེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ་བརྗེད་པ་མྱེད་པས་དྲན་པའི་གཏེར་དང་། བློ་རབ་ཏུ་འབྱེད་པའི་བློ་རྨ་ས་ཀྱི་གཏེར་དང་། མདོ་སྡེ་ཐམས་ཅད་ཀྱི་དོན་གྱི་རྣམ་པ་ཁོང་དུ
274b7 ཆུད་པས་རྟོགས་པའི་གཏེར་དང་། ཟོས་པ་ཐམས་ཅད་ཀུན་ཏུ་འཛིནད་པས་གཟུངས་ཀྱི་གཏེར་དང་། ལེགས་པར་བཤད་པས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པས་སྤོབས་པའི་གཏེར་དང་། དམ་པའི་ཆོས
274b8 ཡོངས་སུ་བསྲུང་བས་ཆོས་ཀྱི་གཏེར་དང་། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མྱི་གཅོད་པས། བྱང་ཆུབ་ཀྱི་སེམས་ཀྱི་གཏེར་དང་། མྱོ་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་སྟེ། གཏེར་ཆེན་པོ་བརྒྱད་པོ
274b9 དག་ཐོབ་པར་འགྱུར་རོ།། གྲོགས་པོ་དག་གང་ལ་ལ་ཞིག་རྒྱ་ཆེར་རོལ་པའི་ཆོས་ཀྱི་རྣམ་གྲངས་འདི་ལེགས་པར་བསྟན་ཏེ། འཆང་བ་དེ་ཚོགས་བརྒྱད་ཡོངས་སུ་རྫོགས་པར་འགྱུར་ཏེ། བརྒྱད་གང་ཞེ་ན། འདི་ལྟ