| e-texts navigator |
| Wylie |
274a1 གྲངས་འདི་ལ་ཐལ་མོ་སྦྱརོད་པར་གྱུར་པ་དེ། མཆོག་གི་ཆོས་བརྒྱད་ཐོབ་པར་གྱུར་ད་ཏེ། བརྒྱད་གང་ཞེན་འདི་ལྟ་སྟེ། གཟུགས་མཆོག་ཐོབ་པར་གྱུར་པ་དང་། སྟོབས་མཆོག་ཐོབ་པར་འགྱུར་བ་དང
274a2 གཡོག་མཆོག་ཐོབ་པར་འགྱུར་བ་དང་། སྤོབས་པ་མཆོག་ཐོབ་པར་འགྱུར་བ་དང་། འབྱུང་བ་མཆོག་ཐོབ་པར་འགྱུར་བ་དང་། སེམས་ཡོངས་སུ་དག་པ་མཆོག་ཐོབ་པར་འགྱུར་བ་དང་། ཏིང་ངེ་འཛིན་མཆོག་ཕུན་སུམ
274a3 ཚོགས་པ་ཐོབ་པར་འགྱུར་བ་དང་། ཤེས་རབ་ཀྱི་སྣང་བ་མཆོག་ཐོབ་པར་འགྱུར་བ་སྟེ། མཆོག་གི་ཆོས་བརྒྱད་པོ་དེ་དག་ཐོབ་པར་འགྱུར་རོ།། གྲོགས་པོ་དག་གང་ལ་ལ་ཞིག་རྒྱ་ཆེར་རོལ་པའི་ཆོས་ཀྱི་རྣམ་གྲངས་འདི་སྟོན
274a4 པར་འདོད་པའི་ཆོས་སྨྲ་བ་ལ། ཆོས་ཀྱི་སྟན་བཏིང་ན། སྟན་པཏིང་མ་ཐག་ཏུ་སྟན་བརྒྱད་ཐོབ་པར་ཤེས་པར་བྱ་སྟེ། བརྒྱད་ཀང་ཞེ་ན། འདི་ལྟ་སྟེ། ཚོང་དཔོན་གྱི་སྟན་ཐོབ་པ་དང་། ཁྱིམ་བདག
274a5 གི་སྟན་ཐོབ་པ་དང་། འཁོར་ལོ་སྒྱུར་བའི་སྟན་ཐོབ་པ་དང་། བརྒྱ་བྱིན་ཀྱི་སྟན་ཐོབ་པ་དང་། དབང་སྒྱུར་གྱི་སྟན་ཐོབ་པ་དང་། ཚངས་པའི་སྟན་ཐོབ་པ་དང་། བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ
274a6 པར་སོང་བའི་བྱང་ཆུབ་སེམས་དཔར་གྱུརྡ་པ། ཕྱིར་མྱི་ལྡོག་པ་བདུད་ཕྱིར་རྒོལ་བ་བཅོམ་པ་སེང་གེའི་ཁྭ་ཐོབ་པ་དང་། བླ་ན་ནྱ་ད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར
274a7 སངས་རྒྱས་ནས་ཀྱང་། བླ་ན་མྱེད་པ་ཡིད་དག་པར་རྫོགས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཁྲི་སྟན་འཐོབ་པར་ཤེས་པར་བྱ་སྟེ། སྟན་བརྒྱད་པོ་དེ་དག་འཐོབ་པར་ཤེས་པར་བྱའོ།། གྲོགས་པོ་དག་གཔལ་ལ་ཞིག
274a8 རྒྱ་ཆེར་རོལ་པའི་ཆོ་ཀྱི་རྣམ་གྲངས་འདི་འཆད་པའི་ཆོས་སྨྲ་བ་ལ་ལེགས་སོ་ཞེས་བྱ་བ་བྱིན་པ་དེ་ངག་གི་ལས་ཡོངས་སུ་དག་པ་བརྒྱད་ཐོབ་པར་འགྱུར་ཏེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། བདེན་པའི
274a9 རྗེས་སུ་འབྲང་བ.ལིངག་ཀི་ལས་ཡོངས་སུ་དག་པས་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་དང་། འཁོར་ཟི་ཡིད་ཀྱིས་གནོད་པས་གཟུང་བར་འོས་པོའི་ཚིག་དང་། འགལ་བར་མྱི་བྱེད་པས་བླང་བར་འོས