e-texts navigator
Collection
Volume
Page
Wylie

14b1 དེའི་སྨོན་ལམ་ཆེན་པོ་བརྒྱད་པ་ནི། གང་གི་ཆེ་བདྲག་མ་འོངས་པའི་དུས་ན། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ནི། སེམས་ཅན་དེ་དག་ཆུའི་ནང་དུ་སོན་ཏེ། གྲུར་ཞུགས་པ།
14b2 གླིང་མྱེད་པར་ཕྱི་ནད་པ། ཁྲོག་འདོད་སུ་ཀྲུང་དང་། རྒྱ་མཚོའི་ནང་དུ་སོར་ཏེ། སྨྲེ་སྔགས་སྣ་ཚོགས་འདོན་པ་དེ་དག་བདག་གི་མཐུས། བདག་གི་མྱིང་ཡིད་ལ་གནས་ཤིང་། བདག་གི་མྱིར་ཡིད་ཀྱིས་ལན་བདུན་བརྗོད་པས། དེ་དག་བྱང་ཆུབ
14b3 ཀྱི་མཐར་ཐུག་གི་བར་དུ། ཆུ་ཀླུང་ཆེན་པོ་ལས་དབུགས་ཕྱིན་པ་སྦྱིན་པར་གྱུར་ད་ཅིག། འཇིགས་པ་མྱེད་པར་རྒལ་བར་གྱུརྡ་ཅིག་ཅེས་བཏབ་སྟེ། འཇམ་དཔལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོད
14b4 བསྒྲགས་དཔལ་གྱི་རྒྱལ་པོ་དེས་སྨོན་ལམ་ཆེན་པོ་བརྒྱད་པོ་དེ་དག་བཏབ་བོ།། འཇམ་དཔལ་དེ་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་དེའི་ཐུགས་དང་པོ
14b5 བསྐྱེད་པ་ནས་བཟུང་སྟེ། སྨོན་ལམ་དང་ཏིང་ངེ་འཛིནད་ཀྱི་སྟོབས་ཀྱིས་གནས་པ་དང་། སེམས་ཅན་ཡོངས་སུ་སྨྱིན་པར་མཛད་པ། དང་། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་དང་། དེ་བཞིན་གཤེགས
14b6 པ་ལ་མཆོད་པ་དང་། རིམ་གྲོ་མཛད་པ་དང་། རྣམ་པར་འཕྲུལ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། ཞམ་རིང་བ་བྱང་ཆུབ་སེམས་དཔའ་ཕུན་སུམ་ཚོགས་པ་གང་ཡིན་པ་དེ་ནི། དེ་བཞིན
14b7 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་རྣམས་མ་གཏོགས་པར་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ལོ་བརྒྱར་ཡང་བརྗོད་པར་ཕྱི་ནུ་སོ།།
14b8 འཇམ་དཔལ་དེ་ལྟ་བས་ན་དད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་འམ། རྒྱལ་པོ་འམ། བློན་པོ་འམ། ཁྱིམ་བདག་ཡོན་ཏན་དོན་ཏུ་གཉེར་བ་རྣམས་ཀྱིས། ཞེ་སྡང་དང་། ཉོན་མོངས་པ་ཐམས་ཅད་དང་། བྲལ་བར་དེ་བཞིན
14b9 གཤེགས་པ་དེའི་མཚན་བཟུང་བར་བྱ། ཀླག་པར་བྱ་སྟེ། རབ་ཏུ་གུས་པར་དེ་བཞིན་གཤེགས་པ་དེ་ལ་མཆོད་པ་བྱས་ན། དེའི་སྡིག་པ་ཐམས་ཅད་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་དང་། ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར




iiif viewer powered by OpenSeadragon

14a - 15a

Texts on this page

Ng2.4 - 'phags pa de bzhin gshegs pa bdun gyi sngon gyi smon lam gyi khyad par rgyas pa zhes bya ba theg pa chen po'i mdo