| e-texts navigator |
| Wylie |
12b1 སོ།། འཇམ་དཔལ་ཁྱོད་སྙིང་རྗེ་དང་ལྡན་པ་སྟེ། འཇམ་དཔལ་ཁྱོད་ཀྱིས་སྙིང་རྗེ་དཔག་ཏུ་མྱེད་པ་བསྐྱེད་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དང་། སེམས་ཅན་ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིབས་པ། ནང་།
12b2 སྣ་ཚོགས་ཀྱིས་ཡོངས་སུ་གཟི་རིད་པ། མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པའི་ལྷ་དང་མྱི་རྣམས་ཀྱི་དོན་དང་། ཕན་པ་དང་བདེ་བའི་ཕྱིར་གསོལ་བ་འདེབས་པ་ནི་སྡེ་ལེགས་སོ།། འཇམ་དཔལ་དེ་བཞིན
12b3 གཤེགས་པའི་བྱིན་ཀྱིས་རླབས་ཀྱིས་ཁྱོད་ཀྱི་སྤོབས་པ་འདི་སྐྱེས་སོ།། འཇམ་དཔལ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་ངས་བཤད་དོ།། འཇམ་དཔལ་གཞོ་ནུར་གྱུརྡ་པས་བཅོམ་ལྡན་འདས
12b4 དེ་བཞིན་ནོ་ཞེས་གསོལ་ནས། བཅོམ་ལྡན་འདས་ཀྱིས་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩ་ལ་ད་ཏོ། འཇམ་དཔལ་ཤར་ད་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས
12b5 སངས་རྒྱས་ཀྱི་ཞིང་གང་གའི་ཀླུང་གི་བྱེ་མ་སྙེད་འདས་པ་ན། 2། ཇིག་རྟེན་གྱི་ཁམས་གཞན་གྱིས་མྱི་ཐུབ་པ་ན། དེ་བཞིན་གཤེགས། པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས
12b6 པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ཞེས་བྱ་བ་ཞམ་རིང་བ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱད་སྟོང་དུ་མ་དང་ལྡན་པ་བན་ཀས་ཏེ། འཚོ་ཞིང་བཞེས་པ་ཆོས་ཀྱང་སྟོནད་པ་ཡོད་དེ། འཇས
12b7 དཔལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་དེའི་སངས་རྒྱས་ཀྱི་ཞིང་དེ་ནི་ཤི་ནད་ཏུ་ཡོངས་སུ་དག་པ། ཟག་གྲུར་དཔག་ཚད་བརྒྱད་སྟོང
12b8 ནུ་མ་ཡོད་པ། ལག་མཐིལ་ལྟར་མཉམ་པར་གྱུརྡ་པ། ངན་སོང་དང་སྡུག་བསྔལ་གྱི་སྒྲ་མྱེད་པ། བུད་མྱེད་ཀྱི་དངོས་པོ་མྱེད་པ། ཚེར་མ་དང་། ཀཡང་ས་དང་། རི་དང་། རྡོ་དང་། གསེག་མ་དང་། གྱོ་མོ་མྱེད་པ
12b9 འཇམ་པ་སའི་ངོས་ལ་རེག་ན་བདེ་བ། ལྷའི་དྲི་གསུང་དང་ལྡན་པ། ལྷའི་རིན་པོ་ཆེའི་ཤིང་སྔོན་པ་དང་། མྱེ་ཏོག་དང་འབྲས་བུས་མཛེས་པར་བྱས་པ། རིན་པོ་ཆེའི་སེང་གེའི་ཁྲིས་ལེགས་པར་བརྒྱན་པ། བྱང་ཆུབ་སེམས