e-texts navigator
Collection
Volume
Page
Wylie

12a1 བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ད་ཏོ།། བཅོམ་ལྡན་འདས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོའཕ་ཆེན
12a2 པོ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་པོ་དང་། བློན་པོ་དང་། ཁྱིམ་བདག་དང་། མྱ་དང་མྱི་ལ་ལག་པ་མང་པོ་དག་ཆོས་ཉན་པའི་སླད་དུ་འདུས་ཤིང་མཆིས་ན། དེའི་སླད་དུ་བཅོམ་ལྡན་འདས་ཀྱིས་ཐུགས
12a3 བར་དགོངས་ཏེ། ཐོས་ནས་མི་ནས་སེམས་ཅན་ཐམས་ཅད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མྱི་ལྡོག་པར་འགྱུར་བ་དང་། སྒྲིབ་པ་ཐམས་ཅད་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་ཞིང་ཡོངས
12a4 སུ་བས་པར་འགྱུར་བ་དང་། བདུད་སྡིག་ཅན་གྱིས་མྱི་རྫི་བར་འགྱུར་པར་དེ་བཞིན་གཤེགས་པ་དེ་དག་གི་མཚན་དང་། སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་དང་། སངས་རྒྱས་ཀྱི་ཞིང་ཀྱི་ཡོན་ཏན་བཀོད་པའི་གན
12a5 བཤད་དུ་གསོལ།། བཅོམ་ལྡན་འདས་དེ་བཞིན་གཤེགས། པ་རྣམས་ལ་ནི་མ་གཟིགས་པ་འམ། མ་གསན་པ་འམ། རྣམ་པར་མྱི་མཁྱེནད་པ་མྱི་མངའ་བས། བསྐལ་པ་བྱེ་བ་ཁྲག
12a6 ཁྲིག་བརྒྱད་སྟོང་གང་གའི་ཀླུང་གི་བྱེ་མའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ཀྱང་དཔེར་ན། དེང་ངམ་སང་གི་ལྟར་དགོངས་པ་ལགས་ཏེ། དེ་བཞིན་གཤེགས་པ་དེ་དག་གི་དང་པོ་བྱང་ཆུབ་ཀྱི་ཐུགས་ཡིད་ལ
12a7 མཛད་པ་དང་། སྔོན་གྱི་སྨོན་ལམ་དང་། དེ་བཞིན་གཤེགས་པ་ལ་དམྱིགས་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་བརྗོད་པ་དང་། ཡང་དག་པར་བསྟནད་པར་སྤྱོད་ན། བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི
12a8 དུས་ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་ལྟར་བཅོས་པ་འབྱུང་བ་ན། སེམས་ཅན་ཐམས་ཅད་རྗེས་སུ་བཟུང་བའི་སླད་དུ། དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་མཁས་པ་མང་པོ་དང་། སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས
12a9 པར་བཤད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀ་ལ་བྱིང་ཀའི་སྒྲ་སྐད་དང་། དབྱངས་ཀྱིས་འཇམ་དཔལ་ཀཞོ་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འཇམ་དཔལ་ལེགས་སོ་ལེགས




iiif viewer powered by OpenSeadragon

11b - 12b

Texts on this page

Ng2.4 - 'phags pa de bzhin gshegs pa bdun gyi sngon gyi smon lam gyi khyad par rgyas pa zhes bya ba theg pa chen po'i mdo