| | e-texts navigator
|
131a1 །སློང་དག་ཁྱེད་ཀྱིས་ཏེའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ན་ཙེ་རྒྱང་རིང་པོ་ནམ་འང་འ་མཐོང་ངམ།བཙུན་པ་དེ་ལྟ་ལགས་སོ།།གལ་ཏེ་ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནི་ཀྱི
131a2 འཆི་བའི་དུས་བྱས་པར་གྱུར་ན་ནི།ལུས་དང་བྲལ་ནས་ཤི་བའི་འོག་ཏུ།དཔེར་ན་མདའ་སྟེའུ་ཀ་འཕངས་པ་དེ་བཞིན་དུ།།ངན་སོང་ངན་འགྲོ་རྣམ་པར་ལྟུང་བ།སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར
131a3 འགྱུར་ཏེ།འདི་ལྟར་འདི་ལ་སེམས་རབ་ཏུ་ཁྲོས་པའི་ཕྱིར་རོ།།སེམས་རབ་ཀྱི་ཐོས་པའི་རྒྱུས།དེ་ལྟར་འདི་ན་སེམས་ཅན་ཁ་ཅིག་ལུས་དང་བྲལ་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་རྣམ་པར་ལྟུང་བ
131a4 སེམས་ཅན་དམྱལ་བ་རྣམསས་སུ་སྐྱེ་བར་འགྱུར་རོ།།དེ་ནས་དགེ་སློང་ཞིག་གིས་དེའི་ཚེ།ཚིགས་སུ་བཅད་དེ་སྨྲས་པ།འདི་ན་གང་ཟག་ཁ་ཅིག་ནི།།རབ་ཏུ་སེམས་ཁྲོས་གྱུར་གཟིགས་ནས།།སྟོན
131a5 ས་དགེ་སློང་ཚོགས་རྣམས་ལ།།དོན་དེ་ཉིད་ནི་ལུང་བསྟན་ཏོ།།ཀྱེ་མ་གསོན་པའི་མི་འདི་ནི།།ད་ནི་འཆི་བའི་དུས་བྱེད་ན།།དེ་ཡི་སེམས་ནི་ཁྲོས་པའི་ཕྱིར།།སེམས་ཅན་དམྱལ་བ་རྣམས་སུ
131a6 དེ་བཞིན་གཤེགས་ལ་སེམས་ཁྲོས་པ།།དེའི་རྒྱུ་ནི་སེམས་ཅན་རྣམས།།དཔེར་ན་མདའ་ནི་འཕངས་པ་བཞིན།།དེ་ལྟར་ངན་འགྲོར་འགྲོ་བར་འགྱུར།།དེ་ནས་ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ན
131a7 ཚབཅོམ་ལྡན་འདས་གལ་བ་དེར་སོང་སྟེ་ཕྱིན་པ་དང་།བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་མངོན་ཏུ་ཀུན་དགའ་བར་བྱ་བ་དང་།ཡང་དམ་པར་ཆགས་པར་བྱ་བའི་བཏམ་རྣམ་པ་མང་མོ་བྱས་ནས
iiif viewer powered by OpenSeadragon
130b - 131b