| | e-texts navigator
|
87b1 དུ་ནུག་འཇོམས་ཆེན་པོ་སྟེ།།ལྷོ་རུ་ཡ་བ་ཏི་ཞེས་བྱ།།ནུབ་དུ་ཁྲོ་བོ་དམིགས་པ་ལ།།བྱང་དུ་བདུད་འཇོམས་དགོད་པར་བྱ།།ཤར་ལྷོ་ལྷོ་ནུབ་ནུབ་བྱང་དང་།།བྱང་ཤར་འཚམ་སུ་དགོད་པ་ནི།།གླང་མགོ
87b2 ཁྲོ་ཚེ་གཅོད་སྦྱོང་རྗེ།།ལས་གྲུབ་བརྒྱད་དེ་གོ་རི་མོ་བཞི་ན།།སྟེང་འོག་དམར་པོ་བྲག་དགོན་བསྒོམས་ཏེ་དགོད།།ཟློ་གམ་ལམ་མོ་གསུམ་རྣམསོ།།སྒོ་སྒོར་སྒོ་སྲུངས་མ་རྣམས་བྲི།།དེ་ཡི་ཡུམ
87b3 དང་བཅས་པ་རྣམས།།ཁྲོ་བོ་ཉིད་དང་སྐུ་འཐུན་པའོ།།སེམས་དཔའི་འདུག་སྟངས་གནས་བྱས་ལ།།སྒེག་མོ་གཡོན་དུ་བསྟེན་བྱས་ལ།།སྔགས་གཡོག་མཛེས་པར་ཚོགས་བྱས་ལ།།མགུ
87b4 པའི་ཕྲིན་ལས་བརྩམ་པར་བྱ།།སྐེ་ཅི་ཐལ་བ་རུས་པ་ལ།།ཛ་མ་པ་ལ་ཡི་གཟུགས་ལྟ་བུར།།བྱས་ལ་སྙིང་ཁར་བྲེ་བཱི་ནི།།ོཾ་མ་པ་ལ་སི་ཏི་འམ།།གང་འདོད་པ་ཡི་གེ་དེ།།ཕེཾཊ་དང་སཱ་ཧཱ་ས
87b5 དམ་ལྟེར་བྱ།།མིང་བྱང་གོང་ལྟར་བྲི་བྱས་ལ།།གང་ལྟར་འཚམ་པ་བཞིན་དུ་གཞག།དེ་ལ་འདི་ཡང་རབ་ཏུ་བརྗོད།།ོཾ་ཨ་ཀྲོ་བཛྲ་ཤན་ཏིང་ན་ག་བཛྲ་སྭཱ་ཧཱ།།ོཾ་ཨ་ཀྲོ་ཏི་ཀ་ཤན་ཏིང་བི་ལཾ་བུམ
87b6 ཞེས་བརྗོད་ལ་སྙིང་ཁོར་བརྒྱ་བ་ན།ཐམས་ཅད་མགུ་ནས་དང་བའི་སེམས་ཀྱིས་ཞི་བར་འགྱུར་རོ།།དེ་ནས་ཞི་བའི་ལས་བྱས་ཟིན་ནསེ།ཕྱོགས་བཅུའི་གདུག་པ་ཞི་བར་བྱ་སྟེ།བདག་ལ་མི
87b7 དགའ་བ་མེད་ན་ལས་འགྲུབ་པ་ཡིན་ནོ།།འཕགས་པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས།ཐམས་ཅད་ཞི་པོའི་ལེའུ་སྟེ་གཉིས་པའོ།།།།དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས
iiif viewer powered by OpenSeadragon
87a - 88a